མ་ཧྥིན་ཧྲིན་ཡུས་ཧྲུའུ་ཁུལ་དུ་སོང་སྟེ་གཞི་རིམ་སྲིད་གྲོས་ཀྱི་ཉམས་ཞན་གཉིས་ཀྱི་གནད་དོན་ཐག་གཅོད་པའི་ཐད་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མ་ཧྥིན་ཧྲིན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་སོང་སྟེ་གཞི་རིམ་སྲིད་གྲོས་ཀྱི་ཉམས་ཞན་གཉིས་ཀྱི་གནད་དོན་ཐག་གཅོད་པའི་ཐད་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས། དེའི་སྐབས་སུ་ཡུས་ཧྲུའུ་ཁུལ་ཨུ་དང་ཁུལ་སྲིད་གྲོས། དེ་མིན་དེའི་ཁོངས་སུ་གཏོགས་པའི་རྫོང་དྲུག་གི་འབྲེལ་ཡོད་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པར་མ་ཟད་རྗེས་ཕྱོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ལ་རེ་བ་བཏོན།

མ་ཧྥིན་ཧྲིན་གྱིས་བསྟན་དོན།  ཡུས་ཧྲུའུ་ཁུལ་ཨུ་དང་ཁུལ་སྲིད་གྲོས། དེ་མིན་རྫོང་དྲུག་གིས་གཞི་རིམ་སྲིད་གྲོས་ཀྱི་ཉམས་ཞན་གཉིས་ཀྱི་གནད་དོན་ཐག་གཅོད་པའི་སྐབས་སུ། ཞིང་ཆེན་ཏང་ཨུ་དང་ལས་ཁུངས་བཞི་ཡི་འགྲེམ་སྤེལ་བྱས་པའི་ཡིག་ཆ་དང་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་བརྟན་ཞིང་བསམ་བློའི་གོ་རྟོགས་མཐོ་བ་དང་ལྟ་སྐུལ་མཛུབ་སྟོན་དང་དངོས་འབེབས་བྱས་པ་མགྱོགས་པའི་སྒོ་ནས། གཞི་རིམ་སྲིད་གྲོས་བྱ་བར་རྣམ་པ་གསར་བ་གསར་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།