མཚོ་སྔོན་ཞིང་ཆེན་གྱིས་རྨ་ཆུ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་སྐུལ་འདེད་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས27ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་དང་། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས་ཙོང་ཆུའི་བྱང་ཕྱོགས་ཆུ་རྐའི་དབུལ་སྐྱོར་ཆུ་གཏོང་གི་དུས་རིམ་གཉིས་པའི་བཟོ་སྐྲུན་དང་།སུམ་མདོ་ཆུ་མཛོད་འཛུགས་སྐྲུན་འཁོར་རྒྱུག་གནས་ཚུལ་ལ་རྟོག་ཞིབ་བྱས། དེའི་སྐབས་སུ། ཡུས་ཚུང་ལི་བུའུ་ཧྲི་མངགས་གཏོང་ཁང་གི་སྲིད་ཁྲིམས་རུ་ཁག་གི་སློབ་གསོའི་དག་ཐེར་བྱ་བའི་གནས་ཚུལ་ལ་ལྟ་སྐུལ་མཛུབ་སྟོན་བྱས་ཤིང་། སློབ་གསོའི་དག་ཐེར་གྱིས་སྲ་ལས་ལྷག་པའི་སྒོ་ནས་སྲིད་ཁྲིམས་དཔུང་ཁག་གིས་དམངས་ལ་ཞབས་ཞུ་སྒྲུབ་པའི་འགན་འཁྲི་འདུ་ཤེས་ཤུགས་དྲག་ཏུ་གཏོང་བ་དང་། སྒྲིག་ཁྲིམས་ཤུགས་དྲག་ཏུ་བཏང་ནས། སྤྱོད་སྟངས་བཅོས་བསྒྱུར་བྱས་ཏེ། མི་དམངས་མང་ཚོགས་ལ་སློབ་གསོའི་དག་ཐེར་གྱི་རྣམ་པ་གསར་པ་དང་འགྱུར་ལྡོག་གསར་པ་མྱོང་དུ་འཇུག་དགོས་ཞེས་བསྟན། 

ཚེས28ཉིན་གྱི་སྔ་དྲོར། ཡུས་ཚུང་ལིས་མགོ་འཛིན་བྱས་ཏེ་ཞིང་ཆེན་རྨ་ཆུ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་སྐུལ་འདེད་ཚོགས་འདུ་བསྡུས་པ་དང་། ཚེ་རིང་ཐར་གྲོས་ཚོགས་སུ་ཞུགས། ཡུས་ཚུང་ལིས་ནན་གྱིས་བསྟན་དོན། ཏན་ཏིག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆུ་བཅོས་སྐྱོང་དང་། ཆུ་དར་རྒྱས་སུ་གཏོང་བའི་གཞུང་ལུགས་ཞིབ་བརྗོད་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས་ནས། བྱ་བ་གང་རུང་གི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པར་བྱས་ཏེ། བྱ་བ་ཡང་དག་པར་སྒྲུབ་པ་དང་། ཡང་དག་པའི་བྱ་བ་སྒྲུབ་ཏེ། འགན་ནུས་མཐུན་འགྲིག་ལྟར། སེམས་ཤུགས་གཅིག་སྒྲིལ་གྱིས་རྗེས་མཐུད་བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། དམངས་འཚིའི་དོན་དངོས་ལེགས་པོར་བསྒྲུབས་ཏེ། དམིགས་འབེན་ལས་འགན་ལྟར་ལས་གཞིའི་མྱུར་ཚད་སྐུལ་འདེད་བཏང་ནས། ལས་གཞིའི་བདེ་འཇགས་དང་བཟོ་སྐྲུན་གྱི་སྤུས་ཚད་ལ་ཁག་ཐེག་དང་། ལས་གཞི་འཛུགས་སྐྲུན་བདེ་འཇགས་དང་། གོ་རིམ་ལྡན་པ། དུས་ལྟར་སྐུལ་འདེད་གཏོང་བར་ཁག་ཐེག་བྱེད་དགོས་ཞེས་བསྟན། 

ཚེ་རིང་ཐར་གྱིས་བསྟན་དོན། རྨ་ཆུ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་ནི་རང་ཞིང་གི་དུས་རབས་བརྒལ་བའི་ཆུ་བེད་བཟོ་སྐྲུན་ཞིག་ཡིན་ཞིང་། དེ་ནི་རང་ཞིང་གི་འབྲུ་རིགས་བདེ་འཇགས་དང་། མཁར་གྲོང་གི་བཟོ་ལས་ཐད་ཀྱི་ཆུ་བཀོལ་སྤྱོད། འཚོ་བའི་ཐད་ཀྱི་ཆུའི་བདེ་འཇགས་ཀྱི་དམངས་འཚོ་བཟོ་སྐྲུན་དང་འབྲེལ་བ་ཡོད་ལ། ད་ལྟ་བཟོ་སྐྲུན་འཛུགས་སྐྲུན་དེ་གནད་འགག་གི་དུས་སྐབས་སུ་བསྐྱོད་ཟིན་པ་དང་། ལས་གཞི་འཛུགས་སྐྲུན་ལེགས་པོར་བསྒྲུབས་ནས། བཟོ་སྐྲུན་ལག་བསྟར་དེ་ཁེ་ཕན་འདོན་སྤེལ་གྱི་ཕྱོགས་སུ་བསྒྱུར་བ་དང་། ལས་གཞི་འཛུགས་སྐྲུན་ནས་དོ་དམ་བེད་སྤྱོད་ཀྱི་ཕྱོགས་སུ་བསྒྱུར་ཏེ། རིགས་སོ་སོའི་མི་དམངས་དང་ཁེ་ཕན་ཡོད་པའི་ཆུ་བེད་བཟོ་སྐྲུན་སྔ་མོ་ནས་ཁེ་ཕན་འདོན་སྤེལ་བྱེད་པར་ཁག་ཐེག་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།