འདི་ནི་རྨ་ཆུ་ཤང་བོད་ཡིག་བཅའ་སྡོད་སློབ་གྲྭའི་སློབ་མའི་ལུས་ཕུང་ལ་བརྟག་བཤེར་བྱེད་བཞིན་པའི་ཚུལ་རེད།
ས་གང་དུ་གནོད་སྐྱོན་ཐེབས་ན་ཡུལ་དེ་རུ་སྨན་པ་ཐོན་ཡོད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས22ཉིན་གྱི་ཆུ་ཚོད2དང་སྐར་མ04སྟེང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་ཚད་རིམ7.4ཡི་ས་འགུལ་བྱུང་།
འགུལ་ལྟེ་དང་རྨ་ཆུ་ཤང་གི་བར་ཐག་ལ་སྤྱི་ལེ7ལས་མེད་ལ། ས་བབ་སྨི4800ཡོད་པའི་མཐོ་སྒང་གི་ཤང་གྲོང་འདིར། ས་འགུལ་གྱི་གནོད་སྐྱོན་ཐེབས་ནས་འཕྲོ་འགུལ་ཡང་བསྟུད་མར་བྱུང་བཞིན་ཡོད་པ་དང་། ལྷག་པར་ཏུ་ཁངས་ཆར་ནི་མུ་གེའི་སྟེང་ལ་ཟླ་ལྷག་ཟེར་བ་བཞིན་ནོ།
ཟླ5པའི་ཚེས24ཉིན་གྱི་ཆུ་ཚོད22བར་ནི། ས་འགུལ་བྱུང་ནས་ཆུ་ཚོད68འགོར་བ་རེད། རྨ་ཆུ་ཤང་འཕྲོད་བསྟེན་ཁང་དང་སྨན་བཅོས་མི་སྣ་རྣམས་ནི་གནོད་ཐེབས་པ་ཡིན་ལ་མྱུར་སྐྱོབ་པའང་ཡིན། ཁོ་ཚོ་ཡོད་པས་མི་རྣམས་དངངས་སྐྲག་སྐྱེས་མ་མྱོང་ལ། ནད་ཡམས་ལའང་འཇིགས་སྐྲག་སྐྱེས་མྱོང་མེད། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
གནོད་ཐེབས་རྗེས་ཀྱི་ཆུ་ཚོད68ཡི་ལྟ་སྐྱོང་།