ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་བགྲོ་གླེང་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སྐོར་གྱི་རྣམ་བཤད་གལ་ཆེན་དང་གསུང་བཤད་གལ་ཆེན་གྱི་དགོངས་དོན་གསར་ཤོས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་དུས་སྐབས་ཀྱི་ལོ་རྒྱུས་སློབ་སྦྱོང་བྱེད་པར་དམིགས་ནས་ཆེད་དོན་ཞིབ་འཇུག་གྲོས་བསྡུར་བྱས། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་རེད།
གྲོས་ཚོགས་སྟེང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལི་ཅེ་ཞང་དང་།དབྱང་ཧྥིན་ཁྲུན། ཀྲང་ལི། ལིའུ་ཐའོ་སོགས་ཀྱིས་གཏམ་བཤད་སྤེལ་བ་མ་ཟད། ཏང་ཙུའུ་ཡི་བློ་མཐུན་གཞན་དག་གིས་ཡིག་ཐོག་གཏམ་བཤད་སྤེལ།
གྲོས་ཚོགས་སྟེང་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་ལོ་རྒྱུས་ཀྱི་དུས་སྐབས་སུ་རང་རེའི་ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་ཀྲུང་གོ་རྙིང་པའི་དབུལ་ཞིང་ཕོངས་པའི་རྨང་གཞིའི་སྟེང་། ཀྲུང་གོའི་ལོ་རྒྱུས་ཐོག་སྔར་བྱུང་མ་མྱོང་བའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱས་པས། འབད་འཐབ་ཀྱི་ལོ་རྒྱུས་ལམ་བུ་ནི་ལས་སླ་པོ་ཞིག་མིན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་ཡང་ལས་སླ་པོ་ཞིག་མིན། དུས་སྐབས་འདིའི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས་རྒྱུན་འཁྱོངས་དང་། གཙོ་རྒྱུན་དང་ཆུ་ལག་དབྱེ་འབྱེད་དང་། བདེན་དོན་མཐའ་འཁྱོངས། ནོར་འཁྲུལ་ཡོ་བསྲང་། ཉམས་མྱོང་དར་སྤེལ། བསླབ་བྱ་བསྡུ་ལེན་བྱས་ནས། སྲིད་གཞུང་གི་ལས་དོན་ཕན་ནུས་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། ཧུར་ཐག་གིས་མཚོ་སྔོན་གྱི་ལས་དོན་ལེགས་པོར་སྒྲུབ་ཏེ་ཏང་ཀྲུང་དབྱང་བློ་བདེ་པོ་ཡོང་བ་དང་མཚོ་སྔོན་གྱི་མི་རིགས་ཁག་གི་མང་ཚོགས་ཡིད་ཚིམ་པར་བྱེད་དགོས་པར་བསྟན།
གྲོས་ཚོགས་སྟེང་སློབ་སྦྱོང་གཏིང་ཟབ་བྱེད་པའི་ཁྲོད་ཏང་གི་མགོ་ཁྲིད་མཐའ་འཁྱོངས་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་སྔར་བས་ཆེ་རུ་གཏོང་དགོས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་སྔར་བས་ཆེ་རུ་བཏང་ནས“འདུ་ཤེས་བཞི”གཏིང་ཟབ་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོན་པོས་གཅིག་གྱུར་ཡོང་བ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་མཚོ་སྔོན་གྱི་ལས་དོན་ཁག་ནང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། སློབ་སྦྱོང་གཏིང་ཟབ་བྱེད་པའི་ཁྲོད་སྔར་ལས་ལྷག་པའི་སྒོ་ནས་དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས་སྲ་བརྟན་གཏོང་དགོས། ཐོག་མཐའ་བར་གསུམ་དུ་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་དང་ལག་ལེན་ལ་བརྩི་འཇོག་བྱེད་པ་དང་། གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་འཚོལ་ཞིབ་གཏིང་ཟབ་དང་ཚན་རིག་དང་མཐུན་པའི་ངང་དམ་འཛིན་བྱེད་པ། “རྒྱལ་དོན་ཆེན་མོ”ཁོང་དུ་ཆུད་པར་བྱས་ནས་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་དང་། ཞིབ་འཇུག་བརྡར་གཅོད་བཀོད་གཏོང་ལ་ཤུགས་སྣོན། བྱ་བའི་དཀའ་གནད་དང་གནད་འགག་ཡང་དག་པར་ཁོང་དུ་ཆུད་པ། རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་གནད་སྨིན་ཇུས་གཞི་ལག་བསྟར་བྱེད་པ་བཅས་ཀྱི་སྟེང་ནས་བྱ་བའི་ཚན་རིག་རང་བཞིན་དང་ནུས་ལྡན་རང་བཞིན་ཧུར་ཐག་གིས་མཐོ་རུ་གཏོང་དགོས། སློབ་སྦྱོང་ཟབ་སྤེལ་བྱེད་པའི་ཁྲོད་སྲིད་གཞུང་ལས་དོན་གྱི་ཕན་ནུས་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བཅས་བྱས་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ་ལས་གཞིའི་རྣམ་གྲངས་ཀྱི་མ་འཇོག་ལ་དམ་འཛིན་ཡག་པོ་བྱེད་པ་དང་། བཟོ་ལས་འཁོར་སྐྱོད་བརྟན་འཇགས་ཡོང་བར་བྱེད་པ། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་ཐད་མུ་མཐུད་དུ་ཤུགས་བསྣན་ཏེ་རྨ་སྟོད་ཀྱི་ཡོམ་འགོག་རྒུད་སྐྱོབ་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པོར་བསྒྲུབ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་འཛུགས་པ། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བའི་ཐད་བྱས་རྗེས་གསར་པ་འཇོག་དགོས། སློབ་སྦྱོང་གཏིང་ཟབ་བྱེད་པའི་ཁྲོད་དཀའ་སྤྱད་འབད་བརྩོན་གྱི་སྲོལ་རྒྱུན་བཟང་པོ་སྔར་བས་རྒྱུན་འཛིན་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱེད་སྐབས་ཀྱི་ཉམས་མྱོང་རྩ་ཆེན་རྒྱུན་འཛིན་དང་། “འབར་མདེལ་གཉིས་དང་འཁོར་སྐར་གཅིག་”གི་སྙིང་སྟོབས་རྒྱུན་འཛིན་བཟང་པོ་བྱེད་པ། དཀའ་སྤྱད་འབད་བརྩོན་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གྱིས་གཟབ་ནན་དོན་གཉེར་དང་ཁེ་གྲགས་མི་གཉེར་བ། ཟོལ་ལས་མི་བྱེད་པ་བཅས་དང་། འཐབ་རྩོད་རྒྱུན་འཁྱོངས་དང་འཐབ་རྩོད་བྱེད་ཕོད་པ། འཐབ་རྩོད་བྱེད་མཁས་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་བ། མང་ཚོགས་ལ་དོན་དངོས་དང་དོན་བཟང་མང་ཙམ་སྒྲུབ་གང་ཐུབ་བཅས་བྱས་ནས་ཧུར་ཐག་གིས་ལག་ལེན་དང་མི་དམངས་མང་ཚོགས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་བྱས་རྗེས་འཇོག་དགོས་པར་ནན་གྱིས་བསྟན། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་བགྲོ་གླེང་གྲོས་ཚོགས་ཐེངས་གཉིས་པ་བསྡུས།