མཚོ་སྔོན་ཞིང་ཆེན་གྱིས2020ལོའི་སྲིད་འཛིན་བསྐྱར་གྲོས་ལས་དོན་གྱི་རྒྱབ་ཤོག་དཀར་པོའི་དེབ་ཁྱབ་བསྒྲགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས24ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་གིས《2020ལོའི་མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་བསྐྱར་གྲོས་ལས་དོན་གྱི་རྒྱབ་ཤོག་དཀར་པོའི་དེབ》(གཤམ་དུ《རྒྱབ་ཤོག་དཀར་པོའི་དེབ》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི2020ལོའི་སྲིད་འཛིན་བསྐྱར་གྲོས་ལས་དོན་གྱི་གནས་ཚུལ་བརྡ་ཁྱབ་བཏང་། 

ངོ་སྤྲོད་བྱས་པ་ལྟར་ན། 2020ལོར་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ལ་སྲིད་འཛིན་བསྐྱར་གྲོས་རེ་ཞུ་ཡི་གེ་ཁྱོན362འབྱོར་བ་དང་། རེ་ཞུ་བྱེད་མཁན་ཁྱོན་མི429ཟིན་ཡོད། ཁྲིམས་ལྟར་གྱོད་གྲངས324བདག་སྤྲོད་བྱས་པ་དེས་བསྐྱར་གྲོས་རེ་ཞུ་ཡོངས་ཀྱི89.5%ཟིན་པ་དང་། ལོ་ཧྲིལ་བོར་གྱོད་གྲངས299ཞིབ་གཅོད་མཇུག་སྒྲིལ་བྱས་ལ། ཞིབ་གཅོད་མཇུག་སྒྲིལ་བྱེད་ཚད91.2%ཟིན་ཡོད། ཞིབ་གཅོད་མཇུག་བསྒྲིལ་བྱས་པའི་གྱོད་གཞི121སོར་འཇོག་བྱས་པ་དང་། སོར་འཇོག་ཚད40.5%ཟིན་ཡོད། གྱོད་གྲངས61ལ་ཐད་ཀར་ནོར་བཅོས་ཡོ་བསྲང་བྱས་པ་དང་། ཡོ་བསྲང་བྱེད་ཚད20.4%ཟིན། འདུམ་འགྲིག་དང་རེ་ཞུ་ཕྱིར་འཐེན་བྱས་པའི་གྱོད་གྲངས64ཡོད་ལ། འདུམ་འགྲིག་དང་རེ་ཞུ་ཕྱིར་འཐེན་བྱེད་ཚད21.4%ཟིན་ཡོད།  

རྒྱབ་ཤོག་དཀར་པོའི་དེབ》ཀྱི་ནང་དུ་གསལ་བར། 2020ལོར་ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་གཞིར་ཁྱད་ཆོས་ལྔ་ལྡན་ཏེ། སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་གཞིའི་གྲངས་འབོར་ཇེ་ཉུང་དུ་ཕྱིན་པ། སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་གཞི་སྔར་བཞིན་ཁྱབ་ཁོངས་ཁག་གཅིག་ཏུ་བསྡུས་ཡོད་པ། སྲིད་འཛིན་བསྐྱར་གྲོས་སོར་འཇོག་ཚད་དང་ཡོ་བསྲང་ཚད་ཇེ་དམའ་རུ་ཕྱིན་པ། སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་གཞིའི་གྲངས་འབོར་དང་ས་ཁོངས་བར་གྱི་ཧེ་བག་མངོན་གསལ་ཡིན་པ། སྲིད་འཛིན་བསྐྱར་གྲོས་རེ་ཞུ་བྱ་ཡུལ་བལྟོས་བཅས་ཀྱིས་གཅིག་བསྡུས་ཡིན་པ་བཅས་རེད།  

རྒྱབ་ཤོག་དཀར་པོའི་དེབ》ཀྱི་ནང་དུ་ད་དུང་མུ་མཐུད་དུ་ཏང་གིས་སྲིད་འཛིན་བསྐྱར་གྲོས་ལས་ཀར་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། སྲིད་འཛིན་བསྐྱར་གྲོས་ཚད་ལྡན་ཅན་དང་དམངས་ཕན་ཅན་དུ་འགྱུར་བར་མུ་མཐུད་དུ་སྐུལ་འདེད་བཏང་ནས། ནུས་ལྡན་སྒོས་སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་གཞི་སྒྲུབ་པའི་སྤུས་ཚད་དང་ལས་ཕྱོད་ཆེ་རུ་གཏོང་དགོས་ལ། སྲིད་འཛིན་བསྐྱར་གྲོས་ཀྱིས་ལྟ་སྐུལ་དང་ནོར་འཁྲུལ་ཡོ་བསྲང་གི་ཤུགས་རྐྱེན་གཏོང་ཤུགས་ཆེ་རུ་བཏང་ནས། སྲིད་འཛིན་བསྐྱར་གྲོས་ཀྱི་དཔུང་ཁག་འཛུགས་སྐྱོང་དང་གྱོད་གཞི་སྒྲུབ་གཉེར་གྱི་འགན་ལེན་ཆུ་ཚད་སོགས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ2021ལོའི་ཞིང་ཆེན་ཡོངས་ཀྱི་བསྐྱར་གྲོས་ལས་དོན་གྱི་འབད་བརྩོན་ཁ་ཕྱོགས་ལ་རྒྱང་ལྟ་བྱས་ཡོད། 

ཞིང་ཆེན་ཁྲིམས་འཛིན་ཐིན་གྱི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་ལོ་འཁོར་སྔོན་མའི་རྒྱབ་ཤོག་དཀར་པོའི་དེབ་ཡོངས་བསྒྲགས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་གཞི་ཞིབ་གཅོད་བྱས་ཚུལ་དང་། གྱོད་གཞིའི་ཁྱད་ཆོས་གཙོ་བོ། སྲིད་འཛིན་བསྐྱར་གྲོས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་གྲོས་མགོ་སོགས་བརྡ་ཁྱབ་བཏང་ནས། སྲིད་འཛིན་ལས་ཁུངས་ཀྱིས་སྲིད་འཛིན་ཁྲིམས་བསྟར་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ལེགས་བཅོས་བྱས་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།