ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས19ཉིན་ནས་ཚེས21ཉིན་བར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཧོང་ཡོན་གྱིས་མཚོ་སྔོན་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་འཛམ་གླིང་རིག་ནུས་ཚོགས་ཆེན་སྐབས་ལྔ་པར་ཞུགས།
འཛམ་གླིང་རིག་ནུས་ཚོགས་ཆེན་སྐབས་ལྔ་པ་ནི་ཐེན་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། “རིག་ནུས་ཀྱི་དུས་རབས་གསར་པར་འཕེལ་རྒྱས་གསར་པ་སྐྲུན་པ་དང་རྣམ་པ་གསར་པ་གཏོད་པ”བརྗོད་དོན་གཙོ་བོར་བྱས་ནས། གོ་ལ་ཧྲིལ་པོའི་རིག་ནུས་ཚན་རྩལ་མདུན་གྲལ་གྱི་འདུ་ཤེས་དང་། རྩེར་སོན་ལག་རྩལ། རྩེར་སོན་ཐོན་རྫས་བཅས་གཅིག་ཏུ་བསྡུས་ཡོད། མཚོ་སྔོན་གྱི་འཐུས་མི་ཚོགས་པ་ཚོགས་ཆེན་གྱི་མགོ་ཚུགས་མཛད་སྒོ་དང་མཐོ་རིམ་གླེང་སྟེགས། རིག་ནུས་ཚན་རྩལ་འགྲེམས་སྟོན་སོགས་རིམ་སྤེལ་བྱེད་སྒོར་ཞུགས།
གྲོས་ཚོགས་སྟེང་ཀྲང་ཧོང་ཡོན་དང་བཅས་པ་ད་དུང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཐེན་ཅིན་ཆུ་ཐོག་སྐྱེལ་འདྲེན་བཟོ་སྐྲུན་ཚན་རིག་ཞིབ་འཇུག་ཁང་དུ་བརྟག་དཔྱད་ཞིབ་འཇུག་ཏུ་ཕེབས། གོ་ལ་ཧྲིལ་པོའི་རྦ་རླབས་ཆུ་ཤུར་ཆེ་ཤོས་དང་། ཆུ་ཐོག་སྐྱེལ་འདྲེན་ལས་རིགས་ཀྱི་ཨེ་ཤ་ཡའི་ཨར་སྐྲུན་ལྟེ་བྲལ་འཕྲུལ་འཁོར་ཆེ་ཤོས། འགག་གསུམ་ལྟེ་བའི་ཆུ་ལམ་གྱི་ཆུ་ལམ་གསར་པའི་ཆུ་ལས་དངོས་ལུགས་དཔེ་དབྱིབས། དཔྱང་འཕྱོ་ཕུག་ལམ་ཚོད་ལྟའི་ཆུ་རྫིང་ཚོད་ལྟ་ཁང་བཅས་ལ་རྟོག་ཞིབ་བྱས་པ་དང་། ཆེད་མཁས་པ་དང་མཉམ་དུ་མཚོ་སྔོན་གྱི་ཆུ་ལམ་བཅོས་སྐྱོང་དང་ས་སེར་ལམ་བུའི་ལེགས་བཅོས་ལག་རྩལ་ཞིབ་འཇུག་སོགས་ཀྱི་མཉམ་ལས་འདོད་མོས་ལ་གྲོས་བསྡུར་བྱས་པ་རེད། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
མཚོ་སྔོན་གྱི་འཐུས་མི་ཚོགས་པ་འཛམ་གླིང་རིག་ནུས་ཚོགས་ཆེན་སྐབས་ལྔ་པར་ཞུགས།