མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས《ཀྲུང་གོ་གུང་ཁྲན་ཏང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག》ཆེད་དོན་འཆད་ཁྲིད་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལོ་རྒྱུས་བཞི”སློབ་སྦྱོང་སློབ་གསོ་དང་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་སྲིད་ཇུས་དྲིལ་སྒྲོག་ཟླ་བའི་བྱ་འགུལ་དང་ཟུང་འབྲེལ་སྒོས། ཟླ5པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས《ཀྲུང་གོ་གུང་ཁྲན་ཏང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག》ཆེད་དོན་འཆད་ཁྲིད་བྱས། དམིགས་ཡུལ་ནི་དམངས་གཉེར་དཔལ་འབྱོར་འཐུས་ཚབ་པས་དུས་རབས་གསར་བའི་འཐབ་ཕྱོགས་གཅིག་གྱུར་གྱི་གོ་གནས་གལ་ཆེན་གྱི་བྱེད་ནུས་ལ་སྣེ་ཁྲིད་དང་། “འདུ་ཤེས་བཞི་མཐོར་འདེགས”དང“ཡིད་ཆེས་བཞིསྲ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱས་ཏེ། མུ་མཐུད་དུ་ཆབ་སྲིད་ཀྱི་གཅིག་གྱུར་འདུ་ཤེས་སྲ་བརྟན་དང་རྒྱ་བསྐྱེད་དེ། ཁོ་ཚོས་སྒྲུབ་ཕོད་པ་དང་སྒྲུབ་མཁས་པ། སྒྲུབ་ཤེས་པའི་འཐབ་ཕྱོགས་བྱ་བའི་ནུས་ཤུགས་གསོ་སྐྱོང་བྱེད་རྒྱུ་དེ་ཡིན། 

འཆད་ཁྲིད་ཀྱིས《སྲོལ་ཡིག》གི་བཟོ་བཅོས་རྒྱབ་ལྗོངས་དང་གཏན་འབེབས་བྱས་པའི་གོ་རིམ། སྒྲིག་གཞི་དང་དགོངས་དོན་གལ་ཆེན། ཁྱབ་བསྒྲགས་ལག་བསྟར་བྱས་པའི་དོན་སྙིང་སོགས་ཀྱི་ཐད་ནས། རིམ་པ་མང་པོ་དང་ཟུར་སྣེ་མང་པོ། གཏིང་ཟབ་པ་བཅས་ཀྱི་སྒོ་ནས་ཀློག་འགྲེལ་བྱས། འཆད་ཁྲིད་ལ་ཉན་རྗེས་ཚང་མས། འཐབ་ཕྱོགས་གཅིག་གྱུར་ནི་ཀྲུང་གོ་གུང་ཁྲན་ཏང་གི་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་འདུས་ཀྱི་ཆབ་སྲིད་དགེ་མཚན་དང་འཐབ་ཕྱོགས་ཁ་ཕྱོགས་ཡིན་ལ། གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་ལས་དོན་ལ་རྒྱལ་ཁ་ལེན་པའི་ནོར་བུ་གལ་ཆེན་ཞིག་ཡིན་པ་མ་ཟད། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་པའི་ནོར་བུ་གལ་ཆེན་ཞིག་ཀྱང་ཡིན་པར་བསམ། ཚང་མས་བསྟན་དོན། དུས་རབས་གསར་བའི་འཐབ་ཕྱོགས་གཅིག་གྱུར་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་གོ་གནས་དང་བྱེད་ནུས་ལ་ངེས་ཤེས་ཟབ་མོ་ཡོད་པ་དང་། 《སྲོལ་ཡིག》གི་སློབ་སྦྱོང་དྲིལ་སྒྲོག་དེ“ལོ་རྒྱུས་བཞིའི”སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་སྒོས། “ཏང་གི་ལོ་རྒྱུས་སློབ་པ་དང་། དགོངས་དོན་རྟོགས་པ། དོན་དངོས་སྒྲུབ་པ། མགོ་གསར་བ་རྩོམ་པའི”བླང་བྱ་ལྟར། འགན་འཁྲི་ཤུགས་དྲག་ཏུ་བཏང་ནས་དམངས་གཉེར་ཁེ་ལས་ལ་ཞབས་ཞུ་ལེགས་པོར་སྒྲུབ་པ་དང་། སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་སུ་གཏོང་བ་དང་སྤྱི་དབང་ལམ་ལུགས་མ་ཡིན་པའི་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་འབྱུང་བར་སྐུལ་འདེད་གཏོང་དགོས་པར་བསྟན། ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།