ཡང་བསྐྱར་སློབ་ཁྲིད་ནང་ཞུགས་པའི་འཆི་མེད་སྒྲོལ་མ།

1.jpg

པར་འདི་ནི་སློབ་ཁྲིད་ནང་ཞུགས་ཡོད་པའི་འཆི་མེད་སྒྲོལ་མ་རེད།

2.jpg

པར་འདི་ནི་མེ་འགོག་རྒུད་སྐྱོབ་རུ་མིས་འཆི་མེད་སྒྲོལ་མ་དང་སློབ་གྲོགས་ཚོར་གནོད་འགོག་ཉེན་གཡོལ་གྱི་ཤེས་བྱ་ཁྲིད་བཞིན་པའི་ཚུལ་རེད།

3.jpg

པར་འདི་ནི་འཆི་མེད་སྒྲོལ་མ་སློབ་གྲོགས་ཚོ་དང་མཉམ་དུ་ཡོད་པའི་ཚུལ་རེད།

4.jpg

པར་འདི་ནི་འཆི་མེད་སྒྲོལ་མས་གནོད་འགོག་ཉེན་གཡོལ་སྐོར་གྱི་ཤེས་བྱ་སློབ་བཞིན་པའི་ཚུལ་རེད།

5.jpg

པར་འདི་ནི་སློབ་ཁྲིད་གྲོལ་རྗེས་སློབ་གྲོགས་ཚོ་དང་མཉམ་དུ་རྩེད་མོར་རོལ་བའི་འཆི་མེད་སྒྲོལ་མ་ཡིན།

6.jpg

པར་འདི་ནི་འཆི་མེད་སྒྲོལ་མས་དཔེ་ཀློག་བྱེད་བཞིན་པའི་ཚུལ་རེད།

8.jpg

པར་འདི་ནི་འཆི་མེད་སྒྲོལ་མས་སློབ་གྲོགས་ཞིག་དང་མཉམ་དུ་གུང་ཟས་ཟ་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གནོད་ཐེབས་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ཕྱོགས་ཡོངས་ནས་སློབ་ཁྲིད་སླར་གསོ་བྱུང་བ་དང་། རྨ་སྟོད་རྫོང་མི་རིགས་བཅའ་སྡོད་ལམ་ལུགས་སློབ་འབྲིང་གི་སློབ་རིམ་བརྒྱད་པའི་སློབ་མ་འཆི་མེད་སྒྲོལ་མ་རང་གི་སློབ་གྲོགས870དང་མཉམ་དུ་སྦྲ་གུར་སློབ་གྲྭ་ནང་དུ་སློབ་ཁྲིད་ལ་ཞུགས་པ་རེད།

“སློབ་གྲྭའི་འཆར་གཞི་ལྟར་ན་ཚེས22ཉིན་ང་ཚོར་སློབ་ཁྲིད་བཞི་ཡོད་ཀྱང་། ས་འགུལ་བྱུང་བས་སྔོན་གྱི་འཆར་གཞི་ལྟར་སློབ་ཁྲིད་བྱེད་མ་ཐུབ”ཅེས་སློབ་གྲོགས་འཆི་མེད་སྒྲོལ་མས་བཤད།

སློབ་གྲོགས་འཆི་མེད་སྒྲོལ་མ་ནི་ད་ལོར་ལོ16ཡིན་པ་དང་མོ་ནི་རྨ་སྟོད་རྫོང་མཛོ་རྒན་རྭ་བར་གྲོང་རྡལ་གྱི་ཡིན། ཟླ5བའི་ཚེས22ཉིན་གྱི་དུས་ཚོད2དང་སྐར་མ4སྟེང་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ལ་རིམ་པ7.4ཡི་ས་འགུལ་བྱུང་བས་རྨ་སྟོད་དང་རྨ་ཆེན་རྫོང་གཉིས་ལ་ཚད་མི་འདྲ་བའི་གནོད་འཚེ་ཐེབས་པ་དང་། སློབ་གྲྭ་ནས་སྡོད་པའི་འཆི་མེད་སྒྲོལ་མ་དང་སློབ་གྲོགས་ཚོ་ཡང་དགེ་རྒན་དང་མེ་འགོག་རོགས་སྐྱོར་སྡེ་ཁག་གི་རོགས་རམ་འོག་མྱུར་དུ་རྒུད་སྐྱོབ་སྦྲ་གུར་ནང་དུ་ཕྱིན་པ་རེད།

གནོད་འཚེ་བྱུང་བའི་རྗེས་སུ། གནོད་ཐེབས་ས་ཁུལ་གྱི་སློབ་གསོ་སློབ་ཁྲིད་སྒྲིག་ལམ་མགྱོགས་མྱུར་ངང་སླར་གསོ་བྱུང་བར་འགན་ལེན་བྱེད་ཆེད། སྡེ་ཁག་སོ་སོས་མྱུར་དུ་འགུལ་སྐྱོད་བྱས་ནས་སློབ་ཁྲིད་སྦྲ་གུར་ཕུབ་པས། ཟླ5བའི་ཚེས24ཉིན་འཆི་མེད་སྒྲོལ་མ་དང་སློབ་གྲོགས་ཚོའི་དཔེ་ཀློག་གི་སྐད་སྒྲའི་ཁྲོད་སྦྲ་གུར་སློབ་ཁྲིད་ཀྱི་མགོ་ཡང་དངོས་སུ་བརྩམས་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།