ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས22ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་ཚད་རིམ7.4ཡི་ས་འགུལ་བྱུང་བ་དང་། མཚོ་སྔོན་ཞིང་ཆེན་གྱིས་འཕྲལ་མར་ས་འགུལ་གནོད་འཚེའི་རིམ་པ་གཉིས་པའི་འཕྲལ་བསྟུན་མགོ་བརྩམས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་དེ་མ་ཐག་བཀོད་སྒྲིག་བྱས་ཤིང་། མི་དམངས་དང་ཚེ་སྲོག་བླ་རུ་བཀུར་དགོས་པ་རྒྱུན་འཁྱོངས་བྱེད་དགོས་ཞེས་བསྟན།
ས་འགུལ་ལ་བརྩེ་བ་མེད་རུང་མི་ཡུལ་ལ་བརྩེ་བའི་ཁེངས་ཡོད་ལ། གནོད་ཕྱིའི་བསྐྱར་སྐྲུན་བྱ་བ་དེ་དཔལ་འབྱོར་བདེ་འཇགས་དང་སྤྱི་ཚོགས་བདེ་འཇགས་ལ་འབྲེལ་བ་དམ་ཟབ་ཡོད་པས། གནོད་སེལ་རྒུད་སྐྱོབ་ཀྱི་དངུལ་རྩའི་ཞབས་ཞུ་ལེགས་པོར་སྒྲུབ་ཆེད། ས་འགུལ་བྱུང་རྗེས། རྒྱལ་ཁབ་གསར་སྤེལ་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་གིས་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི་བཀོད་སྒྲིག་ལྟར། ཏན་ཏིག་གིས་སྤྱི་ཁྱབ་དངུལ་ཁང་གི་མགོ་ཁྲིད་ཀྱི་བྱ་བའི་བླང་བྱ་ལྟར། འཕྲལ་མ་ཐག་ཏུ་མ་དངུལ་མཉམ་འདྲེས་ཀྱི་རིམ་པ་གསུམ་པའི་དང་ལེན་མགོ་བརྩམས་པ་མ་ཟད། འཕྲལ་བསྟུན་བསྐྱི་དངུལ་ལས་གཞི་ཚན་ཆུང་སྒྲིག་འཛུགས་བྱས་ཏེ། མགོ་ལོག་ཁུལ་དང་རྨ་སྟོད་རྫོང་སྲིད་གཞུང་། ཞིང་ཆེན་འགྲིམ་འགྲུལ་ཚོད་འཛིན་སྡེ་ཚོགས་དང་སྦྲེལ་མཐུད་བྱས་ཏེ་གནོད་འཚེ་གནས་ཚུལ་དང་ལེན་བྱས་པ་དང་། རང་འགུལ་སྒོས་འཕྲལ་བསྟུན་བསྐྱི་དངུལ་སྲིད་ཇུས་དྲིལ་སྒྲོག་འོས་སྦྱོར་བྱས། སྦྲེལ་མཐུད་བྱས་པ་བརྒྱུད། གནོད་ཁུལ་ཉེ་འཁོར་གྱི་མྱུར་བགྲོད་གཞུང་ལམ་ལ་གནོད་པ་ཛ་དྲག་ཐེབས་ཤིང་། ཟམ་པ་ཁ་ཤས་བརྡིབས་པ་དང་། ཞིང་ཆེན་འགྲིམ་འགྲུལ་ཚོད་འཛིན་སྡེ་ཁག་གི་གཞུང་ལམ་ལས་གཞི་ལ་གྱོང་གུད་ཐེབས་པ་ཛ་དྲག་རེད། ཟླ5པའི་ཚེས23ཉིན། ཡན་ལག་དངུལ་ཁང་གི་ཏང་ཡོན་ལས་བྱེད་པས་ཛ་དྲག་གི་ལས་འགན་གདོང་དུ་བསུས་ཏེ། འགན་འཁྲི་ཕྲག་ཏུ་ལེན་པ་དང་ཐོག་མའི་བསམ་འདུན་སྲུང་ནས། དངུལ་རྩའི་བགྲོད་ལམ་ཤར་གཏོང་བྱས་པ་དང་། ཞིང་ཆེན་འགྲིམ་འགྲུལ་ཚོད་འཛིན་སྡེ་ཁག་དང་འཕྲལ་བསྟུན་མ་དངུལ་མཉམ་འདྲེས་དགོས་མཁོ་ཡར་ཞུ་བྱས་པ་དང་། བསྟུད་མར་འབད་འཐབ་བྱས་མཐར། ལས་སྒྲུབ་ཀྱི་ཉིན་གཅིག་གི་ནང་ཞིང་ཆེན་འགྲིམ་འགྲུལ་ཚོད་འཛིན་སྡེ་ཚོགས་དང་སྒོར་དུང་ཕྱུར10ཡི་འཕྲལ་བསྟུན་བསྐྱི་དངུལ་ཞིབ་མཆན་དང་། གན་རྒྱའི་ཐོ་འགོད་བྱ་བ་ལེགས་འགྲུབ་བྱས་པ་མ་ཟད། ཟླ5པའི་ཚེས24ཉིན་སྒོར་ཁྲི5000སྟེར་བ་མངོན་འགྱུར་བྱུང་བ་དང་། གཞུང་ལམ་རྨང་གཞི་སྒྲིག་ཆས་དང་དེའི་ཆ་སྡེབ་སྒྲིག་ཆས་ཀྱི་འཕྲལ་བསྟུན་ཞིག་གསོ། དེ་མིན་རོགས་སྐྱོར་དངོས་རྫས་ཉོ་སྒྲུབ་དང་།གསོག་ཉར་ཐད་རྒྱབ་སྐྱོར་བྱས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་གསར་སྤེལ་རང་བཞིན་གྱི་དངུལ་རྩས་གནད་འགག་གི་དུས་སྐབས་སུ་དངུལ་ཁང་གི་བྱེད་ནུས་བཏོན། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
རྒྱལ་ཁབ་གསར་སྤེལ་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་གིས་མགོ་ལོག་ཁུལ་རྨ་སྟོད་རྫོང་གི་གནོད་ཕྱིའི་བསྐྱར་སྐྲུན་ཐད་རྒྱབ་སྐྱོར་འགན་སྲུང་བྱས།