རྨ་སྟོད་རྫོང་དུ་སྦྲ་གུར་ཚོང་ར་ཡིས་དམངས་ལ་སྟབས་བདེ་སྐྲུན།

e03b4b25-02a4-454a-adfc-0d75213f8240.tif.jpg

སྦྲ་གུར་ཚོང་ར།

0401c9b7-2ab7-43ec-8ef8-758e569722ff.tif.jpg

སྦྲ་གུར་སྐྲ་བཞར་ཁང་། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚོང་རའི་སྒྲིག་སྲོལ་གཏན་འཇགས་སུ་བཏང་སྟེ། སྡོད་དམངས་ཀྱི་འཚོ་བར་སྟབས་བདེ་བཟོ་ཆེད། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཚེས23ཉིན་ནས་བཟུང་། གནས་སྐབས་ཀྱི་སྦྲ་གུར་ཚོང་ར་བཙུགས་པ་དང་། ཚེས24ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་བར་རྫོང་ཡོངས་ནས་ཚོང་ཁང་མི་ཉུང་བ་ཞིག་སྦྲ་གར་ཚོང་ར་ནང་གནས་སྤར་ཡོད་ལ། ཚོང་ཟོག་ཟས་རིགས་སྣ་ཚོགས་དང་བཟའ་བཏུང་། སྔོ་ཚོད་ཟིལ་ཏོག་སོགས་འདུས། གསར་འགོད་པས་ཡུལ་དངོས་སུ་ཚོང་ཁང་ཁ་ཤས་སྦྲ་གུར་ཚོང་ར་ནང་ཞུགས་ཡོད་པ་མཐོང་བ་དང་། ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་ལས་བྱེད་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། སྔོན་དཔག་ལྟར་ན་ཚེས25ནས་བཟུང་། གནས་སྐབས་ཀྱི་སྦྲ་གུར་ཚོང་རའི་ཚོང་ཁང་ཚང་མས་སྒོ་ཕྱེས་ནས་ཚོང་གཉེར་བྱེད་རྒྱུ་རེད།   །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།