“གཙང་གསུམ་མེ་ཏོག་རབ་མཛེས་མཚོ་སྔོན”སྐབས་བཅུ་པའི་ཀྲུང་གོའི་མེ་ཏོག་དངོས་མང་སྟོན་ཚོགས་ནང་ཞུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས21ཉིན། ཀྲུང་གོའི་མེ་ཏོག་དངོས་མང་སྟོན་ཚོགས་སྐབས་བཅུ་པ་ཧྲང་ཧའེ་ཁྲུང་མིང་ཆུས་སུ་མགོ་ཚུགས་པ་དང་། སྐབས་འདིའི་མེ་ཏོག་འགྲེམས་ཚོགས་ཟླ5པའི་ཚེས21ཉིན་ནས་ཟླ7པའི་ཚེས2ཉིན་བར་འགྲེམས་སྟོན་བྱ་རྒྱུ་ཡིན་ལ། དུས་ཡུན་ཉིན42རེད། མཚོ་སྔོན་འགྲེམས་ཁང་གིས“གཙང་གསུམ་མེ་ཏོག་རབ་མཛེས་མཚོ་སྔོན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཁང་པའི་ཕྱི་ནང་གི་འགྲེམས་ཁུལ་གཉིས་སུ་དབྱེ་ནས་འགྲེམས་སྟོན་བྱས་ཡོད། 

མཚོ་སྔོན་འགྲེམས་ཁུལ་དུ་ཁ་དོག་སྔོན་པོ་དང་དཀར་པོ་གཙོ་བོར་བྱས་ནས་མཚོ་སྔོན་གྱི་རང་བྱུང་ས་དབྱིབས་ཁྱད་ཆོས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། མེ་ཏོག་ལས་རིགས་འཕེལ་རྒྱས་ཀྱི་གྲུབ་འབྲས་གཅིག་ཏུ་བསྡུས་ཡོད། འགྲེམས་སྟེགས་ཀྱི་ཁྲོད་དུ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་མངར་དྲིལ་དང་། ཐིའུ་བཀླབས། རྩྭ་པདྨ་ཡོད་པ་དང་། ལྷག་པར་དུ་སོར་རྩེའི་གཟུགས་འདས་རིག་གནས་ཤུལ་བཞག་སྟེ་མེ་ཏོག་མཆོད་པ་སོགས་འགྲེམས་རྫས་དང་རྒྱབ་ལྗོངས་པར་རིས་མཉམ་དུ་བསྟན་ནས་རབ་མཛེས་མཚོ་སྔོན་གྱི་ཡིད་ཁམས་དང་དོན་སྙིང་མངོན་པར་མཚོན་ཡོད། 

ཤེས་རྟོགས་བྱུང་བ་ལྟར་ན། སྐབས་འདིའི་འགྲེམས་ཚོགས་ཐོག་ཁང་ཕྱིའི་འགྲེམས་ཁང180དང་ནང་རོལ་གྱི་འགྲེམས་ཁུལ64བཙུགས་ཡོད། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས31དང་། ཤང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ས་ཁུལ་འགྲེམས་ཁུལ་གྱི་བཤམས་རྫས་ཀྱི་སྤུས་ཀ་དག་ཅིང་སྣ་ཁ་མང་བས་མེ་ཏོག་སྣ་བརྒྱ་མཉམ་བཞད་ཀྱི་རྣམ་པ་ཞིག་ཆགས་ཤིང་། རྒྱལ་སྤྱིའི་མཛའ་མཐུན་གྲོང་ཁྱེར12དང་ཁེ་ལས་གྲགས་ཅན32བཅས་ཀྱིས་བཀོད་སྒྲིག་བྱས་པའི་འགྲེམས་ཁུལ་སོ་སོར་ཁྱད་ཆོས་མི་འདྲ་ལ་ངོ་མཚར་ཆེན་པོ་ལྡན། ཀྲུང་གོ་མེ་ཏོག་མཐུན་ཚོགས་ཀྱི་ཡན་ལག་སྒྲིག་གཞིའི་འགྲེམས་ཁུལ15དང་། མེ་ཏོག་སྟེགས་བུ39ཡིས་འགྲེམས་ཁུལ་གྱི་ཆེད་ལས་མངོན་ཞིང་སོ་སོའི་ཁྱད་ཆོས་ངོམ། གྲོང་མིའི་མེ་ཏོག་ལྡུམ་ར30ཡིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་གང་ལེགས་སྒོས་མཚོན་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།