ཀྲང་ཧོང་ཡོན་གྱིས་ཟི་ལིང་དུ་ཆེད་ལས་སློབ་གསོའི་ཆེད་དོན་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཧོང་ཡོན་གྱིས་སྣེ་ཁྲིད་དེ། ཟི་ལིང་གྲོང་ཁྱེར་དུ་ཆེད་ལས་སློབ་གསོའི་ཆེད་དོན་རྟོག་ཞིབ་གནང་བ་དང་།“དམངས་ཆེན་འཐུས་མིས་ཆེད་ལས་སློབ་གསོར་སྐུལ་འདེད་གཏོང་བའི”བརྗོད་དོན་རྟོག་ཞིབ་བྱ་འགུལ་སྤེལ།

ཀྲང་ཧོང་ཡོན་གྱིས་བསྟན་དོན། ཟི་ལིང་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་དང་རྒྱལ་ཡོངས་ཆེད་ལས་སློབ་གསོའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལྟར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་འོག  སྟེང་གི་བཀོད་པ་ཤུགས་དྲག་ཏུ་གཏོང་བ་དང་ལངས་ཕྱོགས་མཐོན་པོས་སྐུལ་འདེད་བཏང་བས། བྱ་བའི་ཉམས་མྱོང་ཡག་པོ་བསྐྲུན་ཡོད། རྗེས་ཕྱོགས་ཀྱི་བྱ་བའི་ཁ་ཕྱོགས་གསལ་ལ་བྱེད་ཐབས་སྤྱོད་ཆོག་པ། སྐུལ་འདེད་ལ་ནུས་ཤུགས་ཡོད་པས་བསྟོད་བསྔགས་བྱེད་འོས་ཞེས་བསྟན། 

ཀྲང་ཧོང་ཡོན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་ལས་སློབ་གསོའི་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲས་བ་དང་དཀའ་གནད་སེལ་བ། ལག་ལེན་ལ་མཛུབ་སྟོན་བྱེད་དགོས། གཅིག་ནས་ཁྱོན་ཡོངས་ནས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་ཡང་དག་པའི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྤྱོད་ལེགས་མི་སྐྱོང་དང་དེ་མིན་ཆེད་ལས་སློབ་གསོའི་རིགས་དབྱེ་གཏན་འཁེལ་ལེགས་བསྒྱུར་རྒྱུན་འཁྱོངས་བྱེད་དགོས། གཉིས་ནས་དུས་བསྟུན་བབ་བསྐྱོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཆེད་ལས་སློབ་གསོ་དང་སྤྱི་ཚོགས་དཔལ་འབྱོར་སྒྲིག་གཞི་གཉིས་ཕན་ཚུན་གཞོགས་འདེགས་དང་། སྤྱི་ཚོགས་འཚོ་བ་དང་ཕན་ཚུན་གཞོགས་འདེགས་བྱས་ནས། རང་ས་དང་ས་གནས་ལ་གཞི་བཙུགས་ཏེ། དམིགས་བསལ་དང་གནད་ཁེལ་གྱི་ཕྱོགས་སུ་བསྒྱུར་བཅོས་བྱེད་དགོས་ལ། ས་ཕྱོགས་གཅིག་གིས་ཕྱོགས་དེའི་འཇོན་མི་གསོ་སྐྱོང་བྱེད་ཆེད་འཕེལ་རྒྱས་དང་བཅོས་བསྒྱུར་ལ་ཞབས་ཞུ་སྒྲུབ་དགོས། དུས་མཚུངས་སུ། ཆེད་ལས་སློབ་གླིང་གིས་ཁེ་ལས་ལ་“འོས་ཤིང་འཚམས་པའི་སྒྲིག་བཟོ”བྱས་ནས། ས་ཁོངས་ནང་ཁུལ་གྱི་འཇོན་མིའི་མཁོ་འདོན་དང་དགོས་མཁོ་དོ་མཉམ་དང་འོས་མཐུན་ཡོང་བ་མངོན་འགྱུར་བྱེད་པ་དང་། སློབ་མར་ཞབས་ཞུ་སྒྲུབ་ནས་ཤེས་ལྡན་པ་ཞིག་ཏུ་འགྱུར་བར་བྱེད་དགོས། གསུམ་ནས་ ཟི་ལིང་གྲོང་ཁྱེར་གྱིས་ཆེད་ལས་སློབ་གསོའི་ལས་དོན་འཕེལ་རྒྱས་སུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་ཆེད་ལས་སློབ་གསོ་འཕེལ་རྒྱས་བཅོས་བསྒྱུར་ཐད་ཉམས་མྱོང་འབུལ་བ་དང་ཟི་ལིང་གི་བྱས་རྗེས་འཇོག་དགོས་ཞེས་བསྟན།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།