ཝང་ལིས་མིང་གིས་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ནན་ཁྲོན་བཟོ་ལས་གླིང་དུ་ཁེ་ལས་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ5བའི་ཚེས17ཉིན།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སྒྲིག་ཡིག་སློབ་སྦྱོང་བྱས་ནས་དམིགས་འབེན་ཇེ་བརྟན་དུ་གཏོང་བ་དང་།  མང་ཚོགས་ལམ་ཕྱོགས་ལག་བསྟར་བཟང་པོ་བྱེད་པའི་ཆེད་དོན་ལག་ལེན་བྱ་འགུལ་གྱི་བཀོད་སྒྲིག་ལྟར།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  ཧྲིན་ཀྲང་གཞོན་པ་ཝང་ལིས་མིང་གིས་ཁེ་ལས་ལ་ཞབས་འདེགས་ཞུས་ནས་དཀའ་གནད་ཐག་གཅོད་པ་དང་དོན་དངོས་བསྒྲུབ་པར་དམིགས་ཏེ།   ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ནན་ཁྲོན་བཟོ་ལས་གླིང་དུ་སོང་ནས་ཁེ་ལས་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་།  ཡུལ་དངོས་ནས་དཀའ་གནད་ཐག་བཅད་ལ།    དངོས་ཕུང་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

ཝང་ལིས་མིང་མཚོ་སྔོན་ཀའོ་ཅིན་ཉི་འོད་ནུས་པའི་ཚན་རྩལ་ཚད་ཡོད་ཀུང་ཟི་སོགས་ཁེ་ལས་ཀྱི་ཐོན་སྐྱེད་འཁོར་སྒམ་དང་ལས་གཞིའི་ཡུལ་དངོས་སུ་སོང་ནས།   ཐོན་སྐྱེད་བདག་གཉེར་དང་ལས་གཞི་འཛུགས་སྐྲུན།   བདེ་འཇགས་ཐོན་སྐྱེད་འགན་འཁྲི་དོན་འཁྱོལ་གནས་ཚུལ་བཅས་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་།   ཁེ་ལས་འཕེལ་རྒྱས་ཁྲོད་གནས་པའི་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས།   ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་ཁེ་ལས་སོ་སོས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བཞག་པའི་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱས་པ་དང་།  ཚང་མས་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་།  གསར་གཏོད་བྱེད་ནུས་མཐོར་འདེགས་གཏོང་བ།   ཐོན་ལས་རྣམ་པ་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་སྟོབས་ཤུགས་ཡོད་རྒུས་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་ཞུགས་དགོས་པའི་སྐུལ་མ་བཏང་།

ཝང་ལིས་མིང་གིས་ནན་གྱིས་བསྟན་དོན།  འབྲེལ་ཡོད་སྡེ་ཁག་སོ་སོ་དང་བཟོ་ལས་གླིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་འགུལ་ཁེ་ལས་སུ་སྤེལ་བར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས་པ་དང་།   ཞབས་ཞུ་འགན་སྲུང་ནུས་པ་སྔར་ལས་མཐོར་འདེགས་གཏོང་བ།  སྲིད་ཇུས་དང་མ་དངུལ་།  ཐོན་ཁུངས་འགན་སྲུང་བཅས་ལ་ཤུགས་བསྣན་ནས།   ཁེ་ལས་འཕེལ་རྒྱས་ཐད་གནས་པའི་དཀའ་གནད་ཐག་གཅོད་དགོས།  ཚོང་འགུག་དངུལ་འདྲེན་ཤུགས་ཚད་ཆེ་རུ་གཏོང་བ་དང་།  རིགས་སོ་སོའི་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱེད་པ།  མཚོ་སྔོན་གྱིས་ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་འཕེལ་རྒྱས་དཔལ་འབྱོར་མ་ལག་བསྐྲུན་པ་དང་།   ས་གནས་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་དཔལ་འབྱོར་མ་ལག་མངོན་པར་རོགས་བྱེད་པ།  ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་གཏན་འཇགས་འཕར་སྣོན་འབྱུང་བ་སྲུང་འཛིན་བྱེད་པའི་ཐད་བྱས་རྗེས་ཕུལ་ནས་གྲུབ་འབྲས་བཟང་བོས་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་བསུ་མ་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།