རིམས་ནད་སྔོན་འགོག་ཐད་ཀྱི་བདེ་ཐང་གསལ་འདེབས།

མཚོ་སྔོན་ཞིང་ཆེན་གྱི་གནམ་གཤིས་ཇེ་དྲོར་ཕྱིན་པ་དང་བསྟུན་ནས། ཕྱི་ནང་གི་ཡུལ་སྐོར་བ་ཇེ་མང་དུ་སོང་བ་སོགས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་རིམས་འགོག་བྱ་བར་ཉེན་ཁ་ཡང་མང་པོ་བསྩལ་ཡོད། རིམས་འགོག་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་པྲོག་གསར་རིམས་འགོག་གི་བྱ་བར་ཤུགས་སྣོན་བྱེད་པ། ཞིང་ཆེན་གཞན་ལ་འགྲོ་བ་དང་ཕྱི་ནས་ནང་ལ་ཡོང་བའི་མི་སྣའི་བདེ་ཐང་དོ་དམ་ལ་ཤུགས་སྣོན་པ། པྲོག་གསར་རིམས་ནད་ནང་དུ་མཆེད་པ་གཏན་འགོག་བྱེད་ཆེད། ཞིང་ཆེན་རིམས་འགོག་ལྟེ་གནས་ཀྱིས་བདེ་ཐང་གི་གསལ་འདེབས་གནང་བ་གཤམ་ལྟར། 

གཅིག ལུགས་མཐུན་སྒོས་འགྲོ་འདུག་བཀོད་སྒྲིག་བྱེད་པ་དང་གང་ཐུབ་ཀྱིས་ཉེན་ཁའི་ས་ཁུལ་དུ་ཕར་འགྲོ་ཚུར་འོང་མི་བྱེད་པ། ཉེ་ཆར། རྒྱ་ཆེའི་མང་ཚོགས་ཀྱིས་དགོས་ངེས་མིན་ཕྱིར་ཉེན་ཁའི་ས་ཁུལ་དུ་མི་འགྲོ་བ་དང་། ངེས་བར་དུ་འགྲོ་དགོས་ན་དུས་སྔོན་དུ་ས་གནས་དེ་གའི་རིམས་འགོག་བླང་བྱར་རྒྱུས་ལོན་བྱེད་དགོས་པ་མ་ཟད། མི་སྒེར་གྱི་བདེ་སྲུང་ནན་མོ་བྱེད་དགོས་ལ་ཕྱིར་ལོག་སྐབས་སྡེ་ཁུལ་དུ་ཡར་ཞུ་བྱེད་དགོས། ཨན་ཧུའེ་ཞིང་ཆེན་གྱི་ལིའུ་ཨན་གྲོང་ཁྱེར་དང་ཧོ་ཧྥེ་གྲོང་ཁྱེར། ལིའོ་ཉིན་ཞིང་ཆེན་གྱི་ཡིང་ཁོའུ་གྲོང་ཁྱེར་བཅས་ནས་མཚོ་སྔོན་དུ་ལོག་པའི་མི་སྣས་ཆུ་ཚོད24སྔོན་དུ་རང་འགུལ་གྱིས་སྡེ་ཁུལ(གྲོང་ཚོ)དང་ལས་ཁུངས་སུ་ཡར་ཞུ་བྱེད་དགོས་པ་དང་། རང་འགུལ་གྱིས་ཉིང་སྐྱུར་བཤེར་འཇལ་བྱེད་དགོས། 

གཉིས་པ། གཞུང་ཕྱོགས་ཀྱིས་བསྒྲགས་པའི་རིམས་འགོག་གནས་ཚུལ་ལ་དོ་སྣང་བྱེད་པ་ལས་དཀྲོག་གཏམ་ལ་ཡིད་མི་ཆེས་པ་དང་མི་བསྒྲགས་པ། རྒྱ་ཆེའི་མང་ཚོགས་ཀྱིས་གཞུང་ཕྱོགས་ནས་བསྒྲགས་པའི་རིམས་འགོག་ཆ་འཕྲིན་ལ་དོ་སྣང་བྱེད་པ་ལས་དཀྲོག་གཏམ་ལ་ཡིད་མི་ཆེས་པ་དང་མི་བསྒྲགས་པ། གལ་ཏེ་རང་ཉིད་ཀྱི་འགུལ་སྐྱོད་ལམ་ཐིག་དེ་ནད་པའི་འགུལ་སྐྱོད་ལམ་ཐིག་དང་སྣོལ་ཡོད་ན་རང་འགུལ་གྱིས་སྡེ་ཁུལ་ལ་ཡར་ཞུ་བྱེད་དགོས། གལ་ཏེ་ཚ་རྒྱས་པ་དང་གློ་ལུད་རྒྱག་པ་སོགས་ཀྱི་ནད་རྟགས་ཐོན་ན། ཁ་ཐུམ་བརྒྱབ་ནས་དུས་ལྟར་རང་དང་ཉེ་སའི་སྨན་ཁང་ནས་སྨན་བཅོས་བྱེད་དགོས། 

གསུམ་པ། མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པ་དང་མི་སྒེར་གྱི་འཕྲོད་བསྟེན་གོམས་གཤིས་ཡག་པོ་ཆགས་སུ་འཇུག་དགོས། རྒྱ་ཆེའི་མང་ཚོགས་ཀྱིས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་འཕྲོད་བསྟེན་གོམས་གཤིས་ཡག་པོ་ཆགས་སུ་འཇུག་དགོས་ལ། མུ་མཐུད་དུ་རང་ཉིད་ཀྱི་འགོག་སྲུང་འདུ་ཤེས་མཐོར་འདེགས་གཏོང་དགོས། རྒྱུན་དུ་ལག་པ་བཀྲུ་བ་དང་མཁའ་དབུགས་འཁོར་རྒྱུག་ཡག་པོ་ཡོད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཁ་ཐུམ་རྒྱག་པ། ལུད་པ་ལུད་སྐབས་ལག་པས་ཁ་གཅོད་པ། སྨི1ཡན་གྱི་འབྲེལ་འདྲིས་བར་ཐག་ཆོད་པ་སོགས་ཀྱི་གོམས་གཤིས་ཡག་པོ་ཆགས་སུ་འཇུག་དགོས་པ་དང་། མི་སྒེར་དང་ཁྱིམ་ཚང་ཁོར་ཡུག་གི་གཙང་སྦྲ་འཕྲོད་བསྟེན་བཟང་བོ་བྱེད་དགོས། 

བཞི་བ། འགོག་སྨན་བརྒྱབ་ནས་རིམས་ནད་འགོག་ཡོལ་བསྐྲུན་དགོས། འགོག་སྨན་རྒྱག་པ་ནི་རིམས་འགོག་གི་ཆེས་སྟབས་བདེ་དང་ཆེས་ནུས་ལྡན་གྱི་བྱེད་ཐབས་ཤིག་ཡིན། རང་རྒྱལ་གྱིས་ཚོང་རར་བཀྲམས་པའི་པྲོག་གསར་འགོག་སྨན་ཚང་མ་བདེ་འཇགས་དང་ནུས་ལྡན་ཡིན། འགོག་སྨན་རྒྱག་པ་ནི་འགན་ཁུར་ཡིན་ལ་འོས་འགན་ཡང་ཡིན་པས། ཚང་མས་ངོས་ཟིན་མཐོར་འདེགས་བཏང་ནས་འགོག་སྨན་རྒྱག་པའི་ལས་དོན་ཡག་པོར་སྒྲུབ་དགོས། སེམས་རྩ་གཅིག་སྒྲིལ་གྱིས་རིམས་ནད་འགོག་ཡོལ་བསྐྲུན་ཏེ། ཐོབ་དཀའ་བའི་རིམས་འགོག་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། 

རིམས་ནད་རྩ་བ་ནས་ཡལ་མེད་པས་ང་ཚོས་ད་དུང་དོགས་ཟོན་བྱེད་དགོས། པྲོག་གསར་ནད་དུག་གི་འགོག་སྨན་གྱིས་བརྒྱ་ཆའི་བརྒྱ་ཐམ་པས་རིམས་ནད་འགོག་མི་ཐུབ་པས། མང་ཚོགས་ཚང་མས་འགོག་སྨན་བརྒྱབ་རྗེས་ཀྱང་ལྷོད་གཡེང་དུ་གཏན་ནས་བྱ་མི་རུང་། “ ཕྱི་ནས་ནང་མཆེད་འགོག་པ་དང་། ནང་ནས་བྱེར་ཁྱབ་འགོག་དགོས”། རྒྱ་ཆེའི་གྲོང་མི་རྣམས་ཀྱིས་མུ་མཐུད་དུ་དོགས་ཟོན་བྱེད་དགོས་པ་དང་འགོག་སྲུང་འདུ་ཤེས་དང་འགོག་སྲུང་བྱ་བ་ཡག་པོར་བསྒྲུབས་ཏེ། ནན་ཏན་གྱིས་སྤྱི་དམངས་ཀྱི་རིམས་འགོག་གི་གཞི་རྩའི་སྤྱོད་ལམ་བརྩི་སྲུང་བྱ་དགོས། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།