ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས18ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུན་མཚོ་སྔོན་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་སོང་ནས། ཡུལ་དངོས་སུ2021ལོའི་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གྲ་སྒྲིག་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུར་ཉན་པ་རེད།
དབྱང་ཧྥུན་ཁྲུན་གྱིས་ཐེངས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་ས་གསར་སྐྲུན་བྱེད་པའི་བྱེ་བྲག་གི་བྱ་སྤྱོད་དངོས་ཡིན་པས། “ལོ་ལྔའི་འཆར་གཞི་བཅུ་བཞི་པ”མགོ་འཛུགས་པ་དང་གོམ་པ་དང་པོ་སྤོ་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་ཡིན། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ་དང་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཇེ་ཆེར་བཏང་སྟེ་རྣམ་གྲངས་སོ་སོའི་ཞབས་ཞུའི་ལས་དོན་ལ་འགན་སྲུང་བྱེད་དགོས། ལེགས་ཐོག་ལེགས་འཚོལ་དང་ལག་ཤེས་པའི་སྙིང་སྟོབས་དར་སྤེལ་བཏང་ནས། སྤུས་ཚད་ཀྱི་འདུ་ཤེས་འཛིན་སྟངས་ཇེ་ཆེར་གཏོང་དགོས། ཕན་འབྲས་དངོས་ཐོན་རྒྱུར་དོ་སྣང་བྱས་ཏེ་འཁྲབ་སྟོན་དང་འགྲེམས་སྟོན། གླེང་སྟེགས། གྲོས་མོལ། སྤེལ་རེས། མཉམ་ལས། གན་རྒྱ་འཇོག་པ་བཅས་ཟུང་འབྲེལ་བྱས་ནས་རིག་གནས་དང་ཡུལ་སྐོར། དཔལ་འབྱོར་བཅས་ལས་སྟེགས་གཅིག་གི་སྟེང་ནས་འཕེལ་རྒྱས་བཏང་སྟེ། གཙོ་གནད་རྣམ་གྲངས་དེ་ལས་མང་པོ་ཞིག་ལ་གན་རྒྱ་བཞག་ནས་དོན་འཁྱོལ་བྱེད་པར་བརྩོན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
དབྱང་ཧྥུན་ཁྲུན་གྱིས2021ལོའི་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གྲ་སྒྲིག་ལས་དོན་གྱི་གནས་ཚུལ་ལ་ཞིབ་བཤེར་བྱས་པ།