ཡུས་ཧྲུའུ་དུ་ཐོན་པའི་པྲོག་གསར་ནད་པ་དང་འབྲེལ་འདྲེས་ཟབ་པའི་མི་སྣའི་ཆེས་གསར་བའི་གནས་ཚུལ་ཏེ་མི51གི་ཉིང་བསྐྱུར་ཚད་འཇལ་སྲིབ་གཤིས་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས17ཉིན། གསར་འགོད་པས་ཡུས་ཧྲུའུ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་རྒྱུས་ལོན་པ་ལྟར་ན། ཟླ5པའི་ཚེས16ཉིན་གྱི་ཆུ་ཚོད18དང་སྐར་མ28བར་དུ། ཡུས་ཧྲུའུ་གྲོང་ཁྱེར་དུ་ཐོན་པའི་ཧྲིན་དབྱང་གི་པྲོག་གསར་ནད་པ་དང་འབྲེལ་འདྲེས་ཟབ་པའི་མི་སྣ་དང་དེའི་འགྲོ་རོགས་མི7དང་། གཞན་ཡུས་ཧྲུའུ་ཚོང་དོན་མགྲོན་ཁང་ག་གེ་མོའི་ལས་བྱེད་མི་སྣ43བཅས་བསྡོམས་པས་མི51ལ་ཉིང་བསྐྱུར་ཚད་འཇལ་ཐེངས་དང་པོ་བྱས་པའི་མཇུག་འབྲས་སྲིབ་གཤིས་ཡིན་པས། ཚང་མར་ནད་རྟགས་ཅི་ཡང་བྱུང་མེད། 

རྗེས་མར་ཡུས་ཧྲུའུ་ཁུལ་དང་ཡུས་ཧྲུའུ་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡི་པྲོག་གསར་གློ་ཚད་རིམས་ནད་ཀྱི་རྒྱལ་ཁབ་ཀྱི་ཆེས་གསར་བའི་སྔོན་འགོག་ཚོད་འཛིན་འཆར་གཞིར་གཞིགས་ཏེ། མུ་མཐུད་དུ་ཉིང་བསྐྱུར་བརྟག་བཤེར་ཚད་འཇལ་དང་གཅིག་བསྡུའི་ལོགས་བཀར་གྱི་གསོ་རིག་ལྟ་ཞིབ་སོགས་ཀྱི་བྱ་བ་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།