མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་མེ་ཏོག་དམར་པོ་རྐང360བརྐུས་པའི་གྱོད་དོན་རྩད་ཆོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཟི་ལིང་ཏུང་ཁྲོན་བཟོ་ལས་གླིང་ཁུལ་གྲོང་ཁྱེར་དོ་དམ་ཅུའུ་ཡི་ལས་སྒྲུབ་མི་སྣས་ཉེན་རྟོག་པར་བཤད་རྒྱུར། ཁོངས་གཏོགས་ཅིན་ཆའོ་ལམ་གྱི་སྤྱི་བའི་ལྗང་བསྒྱུར་བྱེད་སའི་མེ་ཏོག་མཚན་གཅིག་ལ་བརྐུས་པའི་དོན་རྐྱེན་བྱུང་། ཉེན་རྟོག་པར་བརྡ་འབྱོར་རྗེས། ཉེན་རྟོག་པས་ཡུལ་དངོས་ནས་རྟོག་ཞིབ་བྱས་ཤིང་མྱུར་དུ་མྱུལ་ཞིབ་བྱས། བཅར་འདྲི་དང་རྩད་ཞིབ་བྱས་མཐར། དོགས་ཡོད་ཉེས་ཅན་སྐྱེས་པ་ཞིག་ཡིན་པ་ཐག་བཅད།

ཟླ5པའི་ཚེས13ཉིན། ཅིན་ཆའོ་ལམ་མངགས་གཏོང་ཁང་གིས་ཉེན་རྟོག་པ་རྩ་འཛུགས་བྱས་ཏེ་མེ་ཏོག་བརྐུས་པའི་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱས་པ་མ་ཟད། གསར་སྤེལ་ཁུལ་གྱི་རོང་ཧའོ་གཞིས་ཁུལ་ནས་དོགས་ཡོད་ཉེས་ཅན་ཏུའུ་ཆེ་གེ་མོའི(སྐྱེས་པ། ཕོ། ལོ83། ཟི་ལིང་གྲོང་ཁྱེར་གྱི་མི)རང་ཁྱིམ་དུ་འཛིན་བཟུང་བྱས་ཤིང་། ཡུལ་དངོས་ནས་བརྐུས་པའི་མེ་ཏོག་རྫ་བུམ15ཕྱིར་བླངས། 

འདྲི་གཅོད་བྱས་པ་བརྒྱུད། ཁྲིམས་འགལ་དོགས་ཡོད་ཉེས་ཅན་ཏུའུ་ཆེ་གེ་མོས་ཅིན་ཆའོ་ལམ་གྱི་ལྗང་བསྒྱུར་བྱེད་སའི་མེ་ཏོག་བརྐུས་པའི་དོན་དག་ཁས་བླངས།

ད་ལྟ། ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་ཁྲིམས་ལྟར་སྲིད་འཛིན་ཐག་གཅོད་བྱས་པ་དང་། བརྐུས་པའི་མེ་ཏོག་ཏུང་ཁྲོན་བཟོ་ལས་གླིང་གྲོང་ཁྱེར་དོ་དམ་ཅུའུ་ལ་ཕྱིར་སྤྲད་ཟིན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།