ཞིང་ཆེན་ཡོངས་ཀྱི་ཀྲུང་གོ་གུང་ཁྲན་ཏང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་ཟི་ལིང་ནས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་ཆེན་ཡོངས་ཀྱི་ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་ཟླ5བའི་ཚེས14ཉིན་གྱི་ཕྱི་དྲོར་ཟི་ལིང་ནས་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་བགྲོ་གླེང་འཛིན་གྲྭ་བསྡུ་བའི་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད་དེ་ནན་གྱིས་བསྟན་དོན། བསམ་བློ་དང་འགུལ་སྐྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་དང་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། གསར་དུ་བཟོ་བཅོས་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག་ལག་བསྟར་བྱེད་པའི་འགུལ་སྐྱོད་དངོས་ལ་བརྟེན་ནས། དུས་རབས་གསར་བའི་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། འཐབ་ཕྱོགས་གཅིག་གྱུར་བྱ་བའི་ངོ་བོ་ནི་མི་སེམས་དང་སྟོབས་ཤུགས་ཀྱི་གནད་དོན་ཐག་གཅོད་པ་དེ་ཡིན་པས། མི་དམངས་དང་མཐུན་སྒྲིལ་བྱེད་པ་དང་སློབ་གསོ་དང་སྣེ་ཁྲིད་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་དགོས། སྲོག་ཤིང་ནི་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཐད་ཐུན་མོང་གི་ལྟ་བ་དང་མི་སེམས། བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས། གནད་འགག་ནི་ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཤེས་རྟོགས་ཀྱི་ནུས་པ། ལག་བསྟར་གྱི་ནུས་པས་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྤུས་འདེགས་ནུས་སྤེལ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། བྱེད་ཐབས་གལ་ཆེན་ནི་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་གཉིས་མཐོན་པོར་བསྒྲེང་ནས། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོར་སྐུལ་འདེད་གཏོང་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། གསར་དུ་བཟོ་བཅོས་བྱས་པའི་སྲོལ་ཡིག་ནི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཁྲིམས་སྲོལ་མ་ལག་སྟེང་གི་ཡར་སྐྱེད་བཅའ་ཁྲིམས་ཡིན་པས། བསམ་བློ་དང་འགུལ་སྐྱོད་སྟེང་ཚད་གཞི་དང་མཐུན་པར་བྱེད་པ་དང་། སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་མིག་སྔའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཆབ་སྲིད་ལས་འགན་གལ་ཆེན་དང་བྱ་བའི་གཙོ་གནད་དུ་བརྩིས་ནས། ཁྲིམས་སྲོལ་གྱི་འདུ་ཤེས་འཛུགས་པ་དང་ཁྲིམས་སྐྱོང་གི་རྣམ་པ་སྤྱོད་པ། བཅའ་ཁྲིམས་ཀྱི་མཚོན་ཆ་ལག་ཏུ་འཛིན་པ། རང་རྟོགས་སྒོས་སྲོལ་ཡིག་སྤྱད་དེ་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་པ། བྱ་བར་སྐུལ་འདེད་བཏང་སྟེ། འཐབ་ཕྱོགས་གཅིག་གྱུར་ཐད་ནས་དུས་རབས་ཀྱི་གཟི་འོད་མངོན་པར་བྱེད་དགོས། གསར་དུ་བཟོ་བཅོས་བྱས་པའི་སྲོལ་ཡིག་ནི་དུས་རབས་གསར་བའི་འཐབ་ཕྱོགས་གཅིག་གྱུར་བྱ་བ་བཟང་བོར་སྒྲུབ་པའི་སྤྱིའི་ཚད་གཞི་ཡིན་པས། འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཕྱོགས་སོ་སོར་ལག་བསྟར་བྱེད་པ་དང་། མཐུན་སྒྲིལ་བྱེད་ཆོག་པ་ཡོད་ཚད་ལ་མཐུན་སྒྲིལ་བྱེད་པ། སྐུལ་སློང་བྱེད་ཆོག་པའི་རྒྱུ་རྐྱེན་ཡོད་ཚད་སྐུལ་སློང་བྱེད་པ། འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་སུ་གཏོང་བ་དང་འཐབ་ཕྱོགས་གཅིག་གྱུར་བྱ་བ་བཟང་བོར་སྤེལ་ནས། ལམ་ལུགས་ཀྱི་དགེ་མཚན་དེ་བཅོས་སྐྱོང་གི་ཕན་ནུས་ལ་བསྒྱུར་བ་དང་། ཏང་དང་མི་དམངས་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཐད་སྣང་ཚུལ་བཟང་བོ་བསྐྲུན་དགོས། གསར་དུ་བཟོ་བཅོས་བྱས་པའི་སྲོལ་ཡིག་ནི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་རྣམ་པ་མངོན་འགྱུར་བྱེད་པའི་བསྡུ་རུབ་ཀྱི་དུང་བརྡ་ཡིན་པས། འཐབ་ཕྱོགས་གཅིག་གྱུར་བྱ་བའི་མཉམ་ཤུགས་ཆེན་པོ་གྲུབ་པར་བྱེད་པ་དང་། བསམ་ཇུས་གཅིག་གི་བསམ་བློ་འཛུགས་པ། ཏང་ཨུས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་འགོ་ཁྲིད་དེ་མཐུན་སྦྱོར་བྱེད་པ། འབྲེལ་ཡོད་ཕྱོགས་ཀྱིས་རང་འགན་ཕྲག་ཏུ་ལེན་པའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་རྣམ་པ་ཆེན་པོ་འཛུགས་པ། ཏང་ནང་ཁུལ་དང་ཏང་ཕྱི་ཡིས་མཉམ་དུ་དང་ལེན་བྱེད་པ་དང་མཉམ་དུ་འཕེལ་རྒྱས་སུ་བཏང་སྟེ། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་ཀྱི་རྩ་འཛུགས་ནུས་པ། སྤྱི་ཚོགས་འབོད་སྐུལ་ནུས་པ་ཇེ་དྲག་ཏུ་གཏོང་བའི་ཐད་ཤུགས་འདོན་དགོས། གསར་དུ་བཟོ་བཅོས་བྱས་པའི་སྲོལ་ཡིག་ནི་ཏང་ཕྱིའི་མི་སྣའི་དཔུང་སྡེ་འཛུགས་སྐྲུན་མཐོར་འདེགས་གཏོང་བའི་གསེར་གྱི་ལྡེ་མིག་ཡིན་པས། ནུས་པ་ལྡན་པ་དང་གོ་ཆོད་པའི་ཏང་ཕྱིའི་མི་སྣའི་དཔུང་སྡེ་སྐྱེད་སྲིང་བྱེད་པ་དང་། སྐྱེད་སྲིང་དང་བཀོལ་སྤྱོད་བྱེད་པའི་སྟེང་ཤུགས་འདོན་པ་དང་ནུས་པ་འདོན་སྤེལ་བྱེད་པའི་སྟེང་རྐང་འཛུགས་པ། རྗེས་གྲབས་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ལ་དམིགས་ནས། འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཐད་ཀྱི་འཇོན་མི་སྐྱེད་སྲིང་བྱེད་པ་དང་། ཏང་ཕྱིའི་མི་སྣས་འཐབ་ཕྱོགས་གཅིག་གྱུར་བྱ་བ་བསྒྲུབ་ཕོད་པ་དང་བསྒྲུབ་ཤེས་པར་བྱེད་པ། རང་སོ་སོའི་འབྲེལ་འདྲིས་བྱེད་པའི་མང་ཚོགས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་དགོས། གསར་དུ་བཟོ་བཅོས་བྱས་པའི་སྲོལ་ཡིག་ནི་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གི་རང་སྟེང་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ལེགས་སྒྲིག་བྱེད་སྤྱད་ཡིན་པས། ཆབ་སྲིད་འཛུགས་སྐྲུན་དང་བསམ་བློ་འཛུགས་སྐྲུན། རྩ་འཛུགས་འཛུགས་སྐྲུན། སྤྱོད་ཚུལ་འཛུགས་སྐྲུན། སྒྲིག་ལམ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། ལས་སྒོའི་སློབ་སྦྱོང་ལ་ཤུགས་སྣོན་པ། བྱ་བའི་ནུས་པ་མཐོར་འདེགས་གཏོང་བ། ཆབ་སྲིད་བརྟན་པ་དང་ལས་སྒོ་བྱང་ཆུད་པ། སྤྱོད་ཚུལ་བཟང་བའི་འཐབ་ཕྱོགས་གཅིག་གྱུར་དཔུང་སྡེ་འཛུགས་སྐྲུན་བྱས་ནས། འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་དེ་དགའ་བསུ་ཐོབ་པའི་མཐུན་སྒྲིལ་གྱི་ཁྱིམ་ཚང་དང་དམངས་གཙོའི་ཁྱིམ་ཚང་། དྲོད་ཁྲོལ་ལྡན་པའི་ཁྱིམ་ཚང་། སྒྲིག་ལམ་སྲུང་བའི་ཁྱིམ་ཚང་དུ་འཛུགས་སྐྲུན་བྱེད་དགོས་ཟེར།

བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་མགོན་པོ་བཀྲ་ཤིས་ཀྱིས་བགྲོ་གླེང་འཛིན་གྲྭར་འགོ་མཛིན་བྱས། ཁོས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་སྲོལ་ཡིག་གི་སློབ་སྦྱོང་དང་ལག་བསྟར་དམ་འཛིན་བྱེད་དགོས། ཏང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་འབུར་དུ་ཐོན་པར་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་རྣམ་པ་ཆེན་པོ་འཛུགས་སྐྲུན་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་པ། མཐུན་སྒྲིལ་བྱེད་ཆོག་པའི་སྟོབས་ཤུགས་ཡོད་ཚད་ལ་མཐུན་སྒྲིལ་བྱེད་པ་དང་སྐུལ་སློང་བྱེད་ཆོག་པའི་རྒྱུ་རྐྱེན་ཡོད་ཚད་སྐུལ་སློང་བྱས་ནས། ཆབ་སྲིད་ཀྱི་ཐུན་མོང་གི་ལྟ་བ་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་དགོས། ལས་འགན་གཙོ་བོ་ཁོང་དུ་ཆུད་པར་བྱེད་པ་དང་། སྲོལ་ཡིག་གི་གཏན་ཁེལ་སྣ་ཚོགས་དང་བྱེད་ཐབས་ལག་བསྟར་བྱེད་པར་ཁག་ཐེག་བྱས་ཏེ། དམངས་གཙོ་ཏང་ཁག་དང་ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ། ཏང་ཕྱིའི་ཤེས་ལྡན་མི་སྣ། མི་རིགས་ཆོས་ལུགས། སྤྱི་དབང་མིན་པའི་དཔལ་འབྱོར་གྱི་བདེ་ཐང་གཉིས། འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གི་རང་སྟེང་འཛུགས་སྐྲུན་བཅས་བྱ་བའི་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ཏུ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཡུས་ཚོང་ལི་ཡིས་བློ་མཐུན་ཝང་དབྱང་དང་ཀྲང་དབྱི་ཅོང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲེ་གླེང་འཛིན་གྲྭའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་བརྡ་སྦྱོར་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་རུའེ་ཧྥིན་དང་ཧྲིན་ཀྲང་གཞོན་པ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོང་ཡུང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཞོན། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་བཅས་ཀྱིས་སོ་སོར་སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཐད་ནས་བརྗེ་རེས་གཏམ་བཤད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་དང་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་གཉིས་གྲོས་ཚོགས་ལ་ཞུགས།

ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་འགོ་ཁྲིད་ཚན་ཆུང་ཁོངས་གཏོགས་སྡེ་ཁག་གི་འགན་ཁུར་མི་སྣ། དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣ། ཏང་ཕྱིའི་ཤེས་ལྡན་མི་སྣ། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣའི་འཐུས་ཚབ་པ། གྲོང་ཁྱེར་དང་ཁུལ་ཏང་ཨུའི་འབྲེལ་ཡོད་འགན་ཁུར་མི་སྣ། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་བཅས་བགྲོ་གླེང་འཛིན་གྲྭར་ཞུགས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།