མཚོ་སྔོན་གྱི་དྲ་གྲགས6བཀག་སྐྱིལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་དྲ་རྒྱའི་བདེ་འཇགས་རུ་ཆེན་གྱིས་རྒྱུན་ལྡན་གྱི་སྐོར་ཞིབ་དང་ཁུངས་སྣེར་ཞིབ་བཤེར་བྱེད་སྐབས། རྫ་སྟོད་རྫོང་གི་དྲ་མི6གིས་དྲ་རྒྱའི་ཐད་གཏོང་སྟེགས་བུ་བརྒྱུད་ནས་མ་རབས་ཐ་ཤལ་དང་གཡེམ་སྦྱོར་ཆགས་སྲེད། ཚུལ་མིན་གྱི་སྐད་ཆ་སོགས་བཤད་པ་ཤེས་རྟོགས་བྱུང་། རྫ་སྟོད་རྫོང་སྤྱི་བདེ་ཅུས་ཏང་ཨུས་ཚད་མཐོའི་མཐོང་ཆེན་བྱས་ཏེ་དྲ་རྒྱའི་བདེ་འཇགས་རུ་ཆེན་ལ་ཉེན་རྟོག་པ་བཀོད་སྒྲིག་བྱས་ཏེ་མྱུལ་ཞིབ་ལས་དོན་སྤེལ་དགོས་པའི་བཀའ་རྒྱ་བཏང་།

WechatIMG188.jpeg

    རྫ་སྟོད་རྫོང་དྲ་རྒྱའི་བདེ་འཇགས་རུ་ཆེན་གྱིས་མྱུར་ཏུ་ཉེན་རྟོག་པ་རྩ་འཛུགས་བྱས་ཏེ་དུས་ཚོད32ནང་བདེ་བླག་ངང་དྲ་རྒྱའི་ཐད་གཏོང་བརྒྱུད་དེ་ཆགས་སྲེད་ཆ་འཕྲིན་སྒྲོག་སྤེལ་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་རྩད་ཆོད་པ་དང་དོགས་ཡོད་ཉེས་ཅན6འཛིན་བཟུང་བྱས་ཡོད་པ་སྟེ། སོ་སོར་སྐྱེས་པ2དང་བུད་མེད4ཡིན་ལ། ཁྲིམས་ལྟར་དོགས་ཡོད་ཉེས་ཅན6འབོད་འགུག་བྱས། ཞིབ་བཤེར་བྱས་པ་བརྒྱུད་སྐལ་ཆེ་གེ་མོ་དང་སྒྲོལ་ཆེ་གེ་མོ། ཆོས་ཆེ་གེ་མོ། དཔལ་ཆེ་གེ་མོ། བཀྲ་ཆེ་གེ་མོ། དོན་ཆེ་གེ་མོ་སོགས་ཀྱིས་དྲ་རྒྱའི་ཐད་གཏོང་ནང་ཆགས་སྲེད་ཀྱི་ནང་དོན་སྒྲོག་སྤེལ་བྱས་པ་དང་ལུས་ཕུང་དམར་རྗེན་དུ་འབུད་པ་སོགས་ཀྱི་ཁྲིམས་འགལ་དོན་དངོས་ལ་སྦ་གསང་མེད་པར་ངོས་ལེན་བྱས།

WechatIMG189.jpeg

གོང་གི་དོགས་ཡོད་མི་སྣར་དྲ་རྒྱའི་བདེ་འཇགས་རུ་ཆེན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་དོ་དམ་སྐོར་གྱི་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་བཞི་བ་དང་རེ་བརྒྱད་པ། རེ་དགུ་བ་བཅས་ཀྱི་གཏན་འབེབས་བྱས་པ་ལྟར། སོ་སོར་ཉིན10ནས་ཉིན14བར་གྱི་སྲིད་འཛིན་བཀག་སྐྱིལ་བྱེད་པའི་ཁྲིམས་ཆད་བཅད་པ་དང་། དུས་མཚུངས་སུ《དྲ་སྦྲེལ་དྲ་བའི་ཐད་གཏོང་ཞབས་ཞུའི་དོ་དམ་གཏན་འཁེལ》ཀྱི་དོན་ཚན་བཅུ་བཞི་བ་དང་བཅུ་བདུན་པ། ད་རུང《དྲ་སྦྲེལ་དྲ་བའི་ཆ་འཕྲིན་ཞབས་ཞུའི་དོ་དམ་བྱེད་ཐབས》ཀྱི་དོན་ཚན་བཅོ་ལྔ་བའི་ལེའུ་བདུན་པའི་ནང་གཏན་འབེབས་བྱས་པ་ལྟར། ཁྲིམས་འགལ་དོགས་ཡོད་ཉེས་ཅན6གི་དྲ་རྒྱའི་ཐད་གཏོང་སྟེགས་བུ་སོ་སོར་ཟླ་གཅིག་ནས་གསུམ་བར་སྒོ་བརྒྱབ་པ་མ་ཟད། རྒྱ་ཆེའི་དྲ་གྲོགས་ལ་མ་རབས་ཐ་ཤལ་གྱི་བརྙན་དང་ཆགས་སྲེད་ཀྱི་ནང་དོན་བརྒྱུད་སྐུར་དང་ཉར་ཚགས་མི་བྱེད་པ་དང་། གལ་ཏེ་ཤེས་རྟོགས་བྱུང་ཚེ་ཚང་མར་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན་ཞེས་འབོད་སྐུལ་བཏང་།   །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།