ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཅོ་ལྔ་པས་ཞིང་ཆེན་རིམ་པའི་བཅའ་སྡོད་བྱེད་སའི་མཛུབ་ཁྲིད་ཚན་ཆུང་གི་བརྙན་རིས་བྱ་བའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས། གྲོས་ཚོགས་ཀྱིས་ཟི་ལིང་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོ། ཞིང་ཆེན་ཁྲིམས་འཛིན་ཐིན་བཅས་སུ་ཡན་ལག་ཚོགས་ར་བཙུགས།
ཚོགས་ཐོག་ཏུ། ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་བཅོས་སྐྱོང་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་ཞིང་ཆེན་རིམ་པའི་བཅའ་སྡོད་བྱེད་ས་དགུ་ཡི་མཛུབ་ཁྲིད་ཚན་ཆུང་བཅས་ཀྱིས་ཀྲུང་དབྱང་གི་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཅོ་ལྔ་པའི་མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་བཅོས་སྐྱོང་ལ་ལྟ་སྐུལ་མཛུབ་སྟོན་བྱེད་པའི་དུས་རིམ་རང་བཞིན་གྱི་གྲོས་གཞི་ལག་བསྟར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་བཅོས་སྐྱོང་གི་དུས་རིམ་སྔོན་མའི་བྱ་བའི་གནས་ཚུལ་ལ་ཁས་ལེན་གང་ལེགས་བྱས།
ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་ནན་གྱིས་བསྟན་དོན། མིག་སྔར། སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་བཅོས་སྐྱོང་གི་ཞིབ་བཤེར་ཡོ་བསྲང་དང་དག་ཐེར་ལེགས་བཅོས་དེ་གནད་འགག་གི་དུས་རིམ་དུ་སླེབས་པ་དང་། དུས་ཚོད་ཐུང་ཞིང་ལས་འགན་ལྕི་ལ། བཅའ་སྡོད་བྱེད་ས་སོ་སོའི་མཛུབ་ཁྲིད་ཚན་ཆུང་གིས་ཀྲུང་དབྱང་གིས་བཏོན་པའི་ལྟ་སྐུལ་བཟང་བོ་དྲུག་གི་རེ་བ་དང་འབྱུང་ལ་ཉེ་བའི་གནད་དོན་དྲུག་ཐག་གཅོད་པར་དམིགས་ནས། གྲུབ་འབྲས་སྤྱི་སྡོམ་དང་དར་སྤེལ་གཏོང་བ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། སྤུས་འདེགས་ནུས་སྤེལ་བྱེད་པའི་ཐད་ནས་ལྷོད་གཡེང་མི་བྱེད་པ་དང་གཏིང་ཟབ་ཏུ་སྤེལ་བའི་སྟེང་ལྷོད་གཡེང་མི་བྱེད་པ། དཀའ་ངལ་ཁྱད་སེལ་བྱེད་པའི་སྟེང་ལྷོད་གཡེང་བྱེད་མི་རུང་། གནད་འགག་ཁོང་དུ་ཆུད་པར་བྱེད་པ་དང་། གནད་དོན་གཙོ་བོར་དམིགས་པ། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་དུས་རིམ་རང་བཞིན་གྱི་གྲོས་གཞི་དང་རེ་བ་ལག་བསྟར་བྱེད་རྒྱུ་བྱེད་ཐབས་སུ་བྱེད་པ། མཛུབ་ཁྲིད་ལ་དོ་སྣང་བྱེད་པ་ནས་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་སྣོན་པ་རུ་བསྒྱུར་བ། དམིགས་ཡུལ་མེད་པར་ཤུགས་འདོན་པ་ནས་དམིགས་འབེན་གཙོར་འཛིན་པར་བསྒྱུར་བ། དོ་དམ་བྱེད་པ་ནས་གྲུབ་འབྲས་ཀྱི་ཁྲིད་ཕྱོགས་སུ་བསྒྱུར་བ། སྐུལ་འདེད་མཛུབ་ཁྲིད་བྱེད་ཤུགས་ཆེར་གཏོང་བ། སྐུལ་འདེད་མཛུབ་ཁྲིད་ཀྱི་མགྱོགས་ཚད་ལ་དོ་སྣང་བྱེད་པ། སྐུལ་འདེད་མཛུབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བ། རྒྱུན་མཐུད་ཤུགས་འདོན་དང་ཤུགས་སྣོན་མདུན་སྐྱོད་བྱས་ཏེ། ཞིབ་བཤེར་ཡོ་བསྲང་དང་དག་ཐེར་ལེགས་བཅོས་ཀྱི་བྱ་བ་སྣ་ཚོགས་གཏིང་ཟབ་ཏུ་སྤེལ་དགོས་ཟེར།
ཀྲུང་དབྱང་མཛུབ་ཁྲིད་ཚན་ཆུང་གིས། བཅའ་སྡོད་བྱེད་སའི་མཛུབ་ཁྲིད་ཚན་ཆུང་གིས་སྤྱོད་ཚུལ་བསྒྱུར་བ་དང་། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་མཐོར་འདེགས་གཏོང་བ། འཐབ་རྩོད་སྙིང་སྟོབས་ཇེ་དྲག་ཏུ་གཏོང་བ། རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ། ལྟ་སྐུལ་བྱེད་ཐབས་གསར་གཏོད་བྱེད་པ། གནས་ངེས་གཏན་གྱི་ལྟ་སྐུལ་བྱེད་ཐབས་དང་སྣ་མང་ཅན་གྱི་ལྟ་སྐུལ་བྱེད་ཐབས། སྔོན་ཐོན་རང་བཞིན་གྱི་ལྟ་སྐུལ་བྱེད་ཐབས་བཀོལ་སྤྱོད་བཟང་བོ་བྱེད་པ། སྐུལ་འདེད་མཛུབ་ཁྲིད་ཀྱི་ཆུ་ཚད་མཐོར་འདེགས་བཏང་སྟེ། སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་བཅོས་སྐྱོང་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་པ་དང་གྲུབ་འབྲས་བཟང་བོས་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་རྒྱུའི་རེ་བ་བཏོན། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཅོ་ལྔ་བས་མཚོ་སྔོན་ཞིང་ཆེན་གྱི་བཅའ་སྡོད་བྱེད་སའི་མཛུབ་ཁྲིད་ཚན་ཆུང་བར་གྱི་བརྙན་རིས་བྱ་བའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས།