ལོ་རྒྱུས་བཞིའི་དྲིལ་སྒྲོག་སློབ་གསོ་ཆེད་དོན་སྒྲོག་འགྲེལ་གྲོས་ཚོགས་ཟི་ལིང་ནས་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་རྒྱུས་བཞིའི་དྲིལ་སྒྲོག་སློབ་གསོ་ཆེད་དོན་སྒྲོག་འགྲེལ་གྲོས་ཚོགས་ཟླ་ལྔ་པའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར་ཟི་ལིང་ནས་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་བརྗོད་དོན་དུ་བྱས་པ་དང་། ལོ་རྒྱུས་སློབ་སྦྱོང་བྱས་ནས་གནས་ལུགས་རྟོགས་པར་བྱེད་པ་དང་ལོ་རྒྱུས་སློབ་སྦྱོང་བྱས་ནས་ཡིད་ཆེས་འཕེལ་བར་བྱེད་པ། ལོ་རྒྱུས་སློབ་སྦྱོང་བྱས་ནས་ཀུན་སྤྱོད་བཟང་བོ་བཀུར་བ། ལོ་རྒྱུས་སློབ་སྦྱོང་བྱས་ཏེ་ལག་ལེན་ལ་གཞོལ་བ་བཅས་བྱས་ཏེ། དམངས་གཙོ་ཏང་ཁག་སོ་སོ་དང་ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་ཚབ་པ་བཅས་ཀྱིས་གསོན་ཉམས་ལྡན་པའི་ལོ་རྒྱུས་བཞིའི་ཟུར་ཁྲིད་སྙན་ཞུ་ཕུལ།

ཝང་ཅན་ཅུན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་སྐྱེས་སྐར་སྐབས་སུ་ལོ་རྒྱུས་བཞིའི་དྲིལ་སྒྲོག་སློབ་གསོ་སྤེལ་བ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གལ་ཆེན་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་ནང་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཤིང་འོད་སྟོང་འབར་བའི་ལོ་རྒྱུས་གྲུབ་པར་བྱས་ལ། དེའི་ཁྲོད་དམངས་གཙོ་ཏང་ཁག་སོ་སོ་དང་ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འབད་འཐབ་དང་རྔུལ་ཆུ་ཡོད། ལོ་རྒྱུས་བཞི་ནི་ཀྲུང་ཧྭ་མི་རིགས་ཡང་ལངས་པ་དང་ཕྱུག་པོར་གྱུར་བ། སྟོབས་ལྡན་དུ་གྱུར་བའི་ལོ་རྒྱུས་ཡིན། ལོ་རྒྱུས་སློབ་སྦྱོང་བྱས་ནས་གནས་ལུགས་རྟོགས་པར་བྱེད་པ་དང་། རླབས་ཆེན་གྱི་མཆོངས་བསྐྱོད་གསུམ་ལ་ཕྱིར་བལྟ་བྱས་ན། ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོག་ཤིང་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཀུན་གྱིས་རེ་བ་བཅོལ་སའི་འགོ་ཁྲིད་སྲོག་ཤིང་ཡིན་ལ། དེ་ནི་ལག་ལེན་གྱི་གདམ་གསེས་དང་ལོ་རྒྱུས་ཀྱི་གདམ་གསེས། ཏང་ཡོངས་ཀྱི་གདམ་གསེས། མི་དམངས་ཀྱི་གདམ་གསེས་ཡིན། ལོ་རྒྱུས་བཞི་ནི་ཀྲུང་གོ་གུང་ཁྲན་ཏང་དང་མར་ཁེ་སི་རིང་ལུགས་ལ་ནུས་པ་ལྡན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཟང་བར་འགྲེལ་བཤད་བྱེད་པའི་ལོ་རྒྱུས་ཡིན། ལོ་རྒྱུས་སློབ་སྦྱོང་བྱས་ནས་ཡིད་ཆེས་ཇེ་བརྟན་དུ་གཏོང་ན། ཏང་གི་འགོ་ཁྲིད་གོ་གནས་ནི་ཏང་གི་ངོ་བོ་དང་དམིགས་འབེན་ལ་རག་ལས་པ་དང་བབ་བསྟུན་མདུན་སྐྱོད་ཀྱིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བ་ནི་ཧ་ཅང་ཡང་དག་ཡིན་པར་རྒྱུས་ལོན་སྔར་ལས་ཟབ་མོ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་གཙོ་བོ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆེས་ཆེ་བའི་དགེ་མཚན་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་པར་རྒྱུས་ལོན་སྔར་ལས་ཟབ་མོ་བྱེད་པ། མར་ཁེ་སི་རིང་ལུགས་གུང་ཁྲན་རིང་ལུགས་ཀྱི་དད་གུས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཡིད་རྟོན།  ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཡིད་ཆེས་ནི་ཀྲུང་གོ་མི་དམངས་ཀྱི་སྟོབས་དང་ལྡན་པའི་བསམ་པའི་རྒྱབ་རྟེན་ཡིན་པར་རྒྱུས་ལོན་སྔར་ལས་ཟབ་མོ་བྱེད་དགོས། ། ལོ་རྒྱུས་བཞི་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་པའི་གཅིག་གྱུར་འཐབ་ཕྱོགས་འོག དམངས་གཙོ་ཏང་ཁག་སོ་སོ་དང་ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་དུ་གསར་སྐྲུན་བྱས་པའི་ལོ་རྒྱུས་ཡིན། ལོ་རྒྱུས་སློབ་སྦྱོང་བྱས་ནས་ཀུན་སྤྱོད་བཟང་བོ་འཛུགས་ན། གསར་བརྗེ་སྔོན་རབས་པ་དང་དམངས་གཙོ་སྔོན་བྱོན་མཁས་མཆོག་གི་གསར་བརྗེའི་བསམ་བློ་དང་རྒྱལ་གཅེས་ཀྱི་སེམས་པ། ཕུལ་བྱུང་གི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། སྙིང་སྟོབས་ཁྲག་རྒྱུན་རྒྱུད་འཛིན་བྱེད་པའི་ཁྲོད་རང་རྟོགས་སྒོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ལེན་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱེད་པ། མིའི་རིགས་ཀྱི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པའི་ཀུན་སྤྱོད་ལ་བརྩི་མཐོང་བྱེད་པ། རྒྱལ་ཁབ་ཕྱུག་པོར་བསྒྱུར་བ་དང་མི་རིགས་བསྐྱར་དར། མི་དམངས་བདེ་སྐྱིད་ཐད་ཤུགས་འདོན་པའི་བརྩེ་སེམས་ཟབ་མོར་བརྩི་མཐོང་བྱེད་པ། རང་སྟེང་གི་ཁྱད་འཕགས་དགེ་མཚན་འདོན་སྤེལ་བྱེད་པ་དང་སྲིད་ཞུགས་སྲིད་གླེང་དང་དམངས་གཙོ་ལྟ་སྐུལ་འགན་ནུས་ལག་བསྟར་བྱེད་པའི་བརྩེ་སེམས་ལ་བརྩི་མཐོང་བྱེད་དགོས། ལོ་རྒྱུས་བཞི་ནི་ང་ཚོ་མཉམ་དུ་དུས་རབས་གསར་བའི་རྒྱང་བསྐྱོད་ཀྱི་བགྲོད་ལམ་དུ་ཞུགས་པ་མཚོན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ལེའུ་གསར་བ་འབྲི་བའི་ལོ་རྒྱུས་ཡིན། ལོ་རྒྱུས་སློབ་སྦྱོང་དང་ལག་ལེན་བྱེད་ན། སློབ་སྦྱོང་ལ་བརྟེན་ནས་བདེན་ལུགས་འཚོལ་སྙེག་བྱེད་པ་དང་སློབ་གསོ་ལ་བརྟེན་ནས་བརྩེ་སེམས་ཇེ་ཟབ་ཏུ་གཏོང་བ། ལག་ལེན་ལ་བརྟེན་ནས་འགན་སྒྲུབ་བཟང་བོ་བྱེད་པ། ལོ་རྒྱུས་དཔེ་ལྟ་རུ་བྱེད་པ། བློ་རིག་འབྱེད་པ། སྟོབས་ཤུགས་བསྡུ་རུབ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་མདུན་བསྐྱོད་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་དུས་རབས་གསར་བའི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་བའི་རྒྱང་བསྐྱོད་ལམ་བུ་རུ་ཞུགས་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་སྒྲོག་འགྲེལ་གྲོས་ཚོགས་ལ་མགོ་འཛིན་བྱས། ཁོས་བསྟན་དོན། བློ་མཐུན་ཝང་ཅན་ཅུན་གྱི་ཟུར་ཁྲིད་སྙན་ཞུ་ནི་ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ་དང་ཏང་གཤིས་སྦྱོང་བརྡར་བྱེད་པའི་ཏང་གི་སློབ་ཁྲིད་བཟང་བོ་ཞིག་ཡིན་པ་དང་། འདས་ཟིན་པའི་ལོ་རྒྱུས་དེ་ད་ལྟའི་དཔེ་ལྟ་རུ་བྱེད་པ་དང་ཉམས་མྱོང་བསྡུ་ལེན་བྱེད་པའི་ལོ་རྒྱུས་ཀྱི་སློབ་ཁྲིད་ཀྱང་ཡིན་ལ། གསོན་ཉམས་ལྡན་པའི་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་སློབ་ཁྲིད་ཅིག་དེ་ལས་ཀྱང་ཡིན་པས། མིག་སྔའི་ལོ་རྒྱུས་བཞིའི་སྒྲོག་འགྲེལ་སློབ་གསོའི་ཁྲོད་ཟུར་ཁྲིད་སྙན་ཞུ་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་བྱས་ནས། ཞིང་ཆེན་ཡོངས་ཀྱི་ལོ་རྒྱུས་བཞིའི་སྒྲོག་འགྲེལ་སློབ་གསོ་མཐོ་ཚད་གསར་བ་ཞིག་ཏུ་སྤེལ་དགོས། དམངས་གཙོ་ཏང་ཁག་སོ་སོ་དང་ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་ལོ་རྒྱུས་བཞིའི་སྒྲོག་འགྲེལ་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་ཁྲོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་ཁྱབ་པར་བྱས་པའི་ཆེས་རྩ་བའི་ཁྱད་ཆོས་ཡིན་པར་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ཀྱི་ངོས་ལེན་དང་བསམ་བློའི་ངོས་ལེན། གཞུང་ལུགས་ཀྱི་ངོས་ལེན། བརྩེ་སེམས་ཀྱི་ངོས་ལེན་ཇེ་བརྟན་དུ་གཏོང་བ། བསམ་བློ་ཆབ་སྲིད་ཀྱི་ཐུན་མོང་གི་ལྟ་བ་ཇེ་དྲག་ཏུ་གཏོང་བ། མཉམ་ལས་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ། ནམ་ཡང་ཀྲུང་གོ་གུང་ཁྲན་ཏང་དང་བློ་གཅིག་སེམས་གཅིག་དང་གཅིག་སེམས་གཅིག་གཏད། སྐྱིད་སྡུག་མཉམ་མྱོང་བྱེད་པ། རང་སྟེང་གི་དགེ་མཚན་དང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཟེར།

ཞིང་ཆེན་གྱི་འགོ་ཁྲིད་ཝུའུ་ཞོ་ཅུན་དང་ཡུས་ཚོང་ལི། ཁྲིན་རུའེ་ཧྥིན་དང་ཉིའོ་ཁྲིན་ཡུན། ཁོང་ཡུང་། དབྱང་ཧྥིན་ཁྲུན། ཏུའུ་ཅེ། ཝང་ཞོན་བཅས་གྲོས་ཚོགས་ལ་ཞུགས།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི། དམངས་གཙོ་ཏང་ཁག་སོ་སོའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གྲོས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན། དམངས་གཙོ་ཏང་ཁག་སོ་སོ། ཏང་ཕྱིའི་ཤེས་བྱ་མི་སྣ། ཏང་ཁག་གང་ལ་ཡང་མི་གཏོགས་པ་དང་སྤྱིར་དབང་མིན་པའི་དཔལ་འབྱོར་འཐུས་ཚབ་མི་སྣ། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཚན་ཁག་གི་ཁོངས་མི། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་ཧྲུའུ་ཅི། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་བཅས་གྲོས་ཚོགས་ལ་ཞུགས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།