ཝང་ཀྲིན་ཁྲང་གིས་རྨ་ལྷོའི་གནམ་གྲུ་ཐང་འཛུགས་སྐྲུན་ལས་གཞིའི་ཆེད་དོན་གྲོས་ཚོགས་སྟེང་ལངས་གནས་ཇེ་བརྟན་དུ་བཏང་ནས་དུས་ལྟར་དུས་རིམ་རང་བཞིན་གྱི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་དགོས་ཞེས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་2021ལོའི་ཞིང་ཆེན་རིམ་པའི་མགོ་ཁྲིད་པས་ལས་གཞི་གལ་ཆེན་འགན་ལེན་དང་འབྲེལ་འདྲིས་བྱེད་པའི་སྐོར་གྱི་བྱ་བའི་ཇུས་གཞིའི་བཀོད་སྒྲིག་དང་བླང་བྱ་ཁྱོན་ཡོངས་ནས་དངོས་འབེབས་བྱ་ཆེད། ཉེ་ལམ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀྲིན་ཁྲང་གིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ལྕགས་ལམ་དང་མཁའ་འགྲུལ་གཞུང་སྒྲུབ་ཁང་། ཞིང་ཆེན་སྲིད་གྲོས་གྲོས་འདོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱི་ཆེད་དོན་གྲོས་ཚོགས་བསྡུས་ནས། རྨ་ལྷོ་ཁུལ་གནམ་གྲུ་ཐང་འཛུགས་སྐྲུན་ལས་གཞིའི་འཕེལ་རིམ་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པ་དང་། གོ་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས།

ཚོགས་ཐོག་ཏུ་ཝང་ཀྲིན་ཁྲང་གིས་འབྲེལ་ཡོད་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་རྗེས་བཤད་དོན། ཞིང་ཆེན་དང་ཁུལ་རིམ་པས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། རྨ་ལྷོའི་གནམ་གྲུ་ཐང་འཛུགས་སྐྲུན་ལས་གཞི་དེང་སྐབས་འཛུགས་སྐྲུན་བྱས་པ་ཅུང་བདེ་བླག་ཡིན་པ་དང་། བྱ་བ་སྣ་ཚོགས་གོ་རིམ་ལྡན་པར་ལག་བསྟར་བྱེད་ཀྱིན་ཡོད་ཟེར། ཁོས་བསྟན་དོན། འབྲེལ་ཡོད་ལས་ཁུངས་སོ་སོས་ཏན་ཏན་ཏིག་ཏིག་སྒོས་རྨ་ལྷོའི་གནམ་གྲུ་ཐང་འཛུགས་སྐྲུན་ལས་གཞིའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་ལས་འགན་ཡོངས་འགྲུབ་བཟང་བོ་བྱེད་དགོས། རྨ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ལངས་གནས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། རང་འགུལ་སྒོས་མཐུན་སྦྱོར་དང་འབྲེལ་འདྲིས། འབྲེལ་མཐུད། བརྩོན་ལེན་བཅས་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་ལ། རྨ་ལྷོའི་གནམ་གྲུ་ཐང་འཛུགས་སྐྲུན་ལས་གཞི་དེ་དེང་སྐབས་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ལྕགས་ལམ་དང་མཁའ་འགྲུལ་གཞུང་སྒྲུབ་ཁང་སོགས་ལས་ཁུངས་དང་འབྲེལ་འདྲིས་དམ་པོ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།