ལོ་རྒྱུས་བཞིར་སློབ་སྦྱོང་བྱས་ནས་མཉམ་འབྲེལ་གྱི་ཐོག་མའི་བསམ་འདུན་མ་བརྗེད་པར་ཐུན་མོང་གི་ངོས་འཛིན་གཏིང་ཟབ་ཏུ་བཏང་སྟེ་འགན་འཁྲི་དང་ལས་འགན་ཕྲག་ཏུ་འཁུར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱི་དམངས་གཙོ་ཏང་ཤོག་ཁག་གི་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དག་ཀྲེ་ཅང་དུ་སློབ་སྦྱོང་རྟོག་ཞིབ་དང“ལོ་རྒྱུས་བཞིའི”སློབ་གསོའི་བྱ་འགུལ་སྤེལ་བར་བསྐྱོད། 

རྟོག་ཞིབ་ཚོགས་པའི་ཁོངས་མི་ཀྲེ་ཅང་དུ་སྐྱོད་པའི་རིང“རི་བོ་གཉིས”ཀྱི་རིགས་པའི་གཞུང་ལུགས་ཀྱི་འབྱུང་གནས་ཨན་ཅི་རྫོང་ཐེན་ཧོང་ཕིན་གྲོང་རྡལ་ཡུས་གྲོང་ཚོ་དང།  “རྒྱལ་ཁབ་ཀྱི་ཞིང་སྡེའི་ཕྱོགས་བསྡུས་རང་བཞིན་གྱི་ཚོད་ལྟ”ལུའུ་ཅ་གྲོང་ཚོ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་ལས་གཉེར་བྱེད་པའི་རིང་གི་འབྲེལ་གཏུག་བྱེད་གནས་ཞ་ཅང་གྲོང་ཚོ་སོགས་ལ་སློབ་སྦྱོང་དང་རྟོག་ཞིབ་བྱས་ནས།  ཡིད་སེམས་ཐེབས་པའི་ངང་ཡུལ་དངོས་ཀྱི་ཚོར་སྣང་དང་བྱམས་བརྩེའི་ཚོར་སྣང་ཡོད་པའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་།  ལྷག་པར་དུ“རི་གཉིས”རིགས་པའི་གཞུང་ལུགས་ཀྱི་བདེན་དོན་སྟོབས་ཤུགས་དང་ལག་ལེན་སྟོབས་ཤུགས་ལ་མྱོང་ཚོར་ཟབ་མོ་ཐོབ། 

སློབ་སྦྱོང་སློབ་གསོ་བྱས་པ་བརྒྱུད།  དམངས་གཙོའི་ཏང་ཤོག་ཁག་གི་མགོ་ཁྲིད་ཚན་པའི་ཁོངས་མིས་རྒྱ་ཆེའི་དམངས་གཙོའི་ཏང་ཤོག་གི་ཁོངས་མིར་ཤེས་བྱ་དང་ལག་ལེན་ཟུང་འབྲེལ་བྱ་རྒྱུའི་ཁྲིད་སྟོན་བྱས་ནས། ཁྱོན་ཡོངས་ལ་ངོས་འཛིན་ཡང་དག་བྱས་པ་དང་།  རང་རྟོགས་ཀྱིས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ།  དུས་རབས་གསར་པའི་དམངས་གཙོའི་ཏང་ཤོག་གི་ཕྲག་ཏུ་འཁུར་བའི་འགན་འཁྲི་དང་ལས་འགན་ཁོང་དུ་ཆུད་པར་བྱས།  ཐོག་མཐའ་བར་གསུམ་དུ“རྒྱལ་ཁབ་ཀྱི་བློན་ཆེན”ཡིད་ལ་དམ་པོར་བཅངས་ནས།  “གསར་པ་བཞི”དང“ལེགས་པོ་གསུམ”གྱི་བླང་བྱ་ལྟར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ།  ཐབས་ཇུས་དང་སྲིད་ཇུས།  ངོས་འཛིན་གཅིག་མཐུན་བཅས་ཀྱི་ཆུ་ཚད་རྒྱུན་མི་ཆད་པར་མཐོ་འདེགས་སུ་བཏང་ནས།  སློབ་སྦྱོང་སློབ་གསོ་ལས་བྱུང་བའི་དྲང་ནུས་དེ་སྲིད་ཞུགས་ཏང་གི་འགན་ནུས་ལག་ལེན་བསྟར་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་དང་དངོས་ཡོད་གྲུབ་འབྲས་ལ་བསྒྱུར་ནས།  འབྱོར་ཕྱུག་དང་དཔལ་ཡོན།  ཞི་མཐུན།  མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་པ་བསྐྲུན་པར་བྱས་རྗེས་འཇོག་པར་དམངས་གཙོ་ཏང་ཤོག་ཁག་གི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།