མཚོ་སྔོན་སློབ་ཆེན་གྱི་རྩིས་འཁོར་ཚོགས་པར་བྱ་དགའ་ཨང་དང་པོ་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས12ཉིན་གྱི་དགོང་མོར། ASC20-21འཛམ་གླིང་སློབ་ཆེན་སློབ་མའི་རྩིས་འཁོར་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་དེ་ནན་ཧྥང་ཚན་རྩལ་སློབ་ཆེན་དུ་མཇུག་སྒྲིལ། མཚོ་སྔོན་སློབ་ཆེན་རྩིས་འཁོར་ཚོགས་པས་འཛམ་གླིང་གི་འཐུས་ཚབ་རུ་ཁག300ལས་རྩེར་སོན་ཞིང་། ཆིན་ཧྭ་སློབ་ཆེན་དང་པེ་ཅིན་སློབ་ཆེན། ཀྲེ་ཅང་སློབ་ཆེན། ཅིའི་ནན་སློབ་ཆེན། མིན་ན་ཧྲི་སློབ་ཆེན། ཁུ་ལོམ་པི་ཡའིEAFITསློབ་ཆེན་སོགས་རྒྱལ་ཁབ་ཕྱི་ནང་གི་མཐོ་རིམ་སློབ་གྲྭའི་འཐུས་ཚབ་རུ་ཁག28དང་རྟིང་རྩོད་འགྲན་བསྡུར་བྱས་པ་བརྒྱུད། མཚོ་སྔོན་སློབ་ཆེན་རྩིས་འཁོར་ཚོགས་པས་ནུས་ཤུགས་ཡོད་རྒུ་རྩལ་དུ་སྤྲུགས་ཏེ། མཇུག་མཐར་ཆིན་ཧྭ་སློབ་ཆེན་དང་ཅིའི་ནན་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭའི་འཐུས་ཚབ་རུ་ཁག་དང་མཉམ་དུ་བྱ་དགའ་ཨང་དང་པོ་བླངས་ཤིང་། འཛམ་གླིང་གི་ཨང་རིམ་བཅུའི་གྲས་སུ་ཚུད་དེ་གྲུབ་འབྲས་མི་དམན་པ་བླངས། 

ད་ལོ་ནི་མཚོ་སྔོན་སློབ་ཆེན་གྱིས་བསྟུད་མར་ལོ་ངོ6གི་རིང་འགྲན་བསྡུར་དེའི་ཁྲོད་ཞུགས་པ་ཡིན་ཞིང་། ཐོག་མའི་མིང་ཐོ་ཁྲོད་ཚུད་པ་ནས་ད་ལྟའི་རྒྱལ་སྤྱིའི་གར་སྟེགས་སུ་མངོན་པ་དེས། མཚོ་སྔོན་སློབ་ཆེན་གྱིས་ཆིན་ཧྭ་སློབ་ཆེན་སོགས་མཐོ་རིམ་སློབ་ཆེན་གྱི་ལོ་ངོ་མང་པོའི་ཁ་གཏད་རོགས་སྐྱོར་འོག  སློབ་ཁྲིད་ཚན་རིག་ཞིབ་འཇུག་ནུས་ཤུགས་ཐད་གྲུབ་འབྲས་མངོན་གསལ་བླངས་པ་མཚོན། རྩིས་འཁོར་ཚོགས་པས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པ་དེས། མཚོ་སྔོན་སློབ་ཆེན་གྱི་རྩིས་འཁོར་འཇོན་མི་གསོ་སྐྱོང་དང་། རྒྱལ་སྤྱིའི་བརྗེ་རེས་མཉམ་ལས། རིག་ཚན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རྩིས་འཁོར་བེད་སྤྱོད་ལག་རྩལ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱ་རྒྱུ་རེད།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།