ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་རྒྱུས་ལ་སློབ་སྦྱོང་བྱས་ཏེ་ཡིད་ཆེས་ཇེ་བརྟན་དུ་གཏོང་བའི་གཞུང་ལུགས་ཞིབ་བརྗོད་གལ་ཆེན་དང་ཟུང་འབྲེལ་སྒོས། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་། འཛུགས་སྐྲུན་དུས་སྐབས་ཀྱི་ལོ་རྒྱུས་ནང་དོན་གཙོར་བཟུང་ནས་བགྲོ་གླེང་སློབ་སྦྱོང་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་ཚོགས་འདུར་མགོ་འཛིན་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཧྲིན་ཀྲང་ཞིན་ཁྲང་ཞང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞིི་རྡོ་རྗེ་རབ་བརྟན་བགྲོ་གླེང་སྟེང་ཞུགས།
བགྲོ་གླེང་ཚོགས་འདུའི་སྟེང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཞི་རུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལ་སློབ་སྦྱོང་བྱས། ཝུའུ་ཞའོ་ཅོན་དང་ཐིན་ཅ་ཚའེ། ཁྲིན་རོས་ཧྥུན། ཝང་ལི་མིན། ཉའོ་ཁྲུན་ཡུན། དབྱང་ཀྲི་བུན། ཀྲང་ཝུན་ཁོས། མཱ་ཧའེ་དབྱིན་བཅས་ཀྱིས་གཏམ་བཤད་པ་དང་། ལྟེ་གནས་ཚན་ཆུང་གི་བློ་མཐུན་གཞན་དག་གིས་ཡིག་ངོས་གཏམ་བཤད་རྒྱུ་ཆ་ཡར་སྤྲད།
ཚོགས་འདུས་བསྟན་དོན། ལོ་བརྒྱའི་ཏང་གི་ལོ་རྒྱུས་ནི་ཡིད་ཆེས་དང་ཕུགས་འདུན་ཤུགས་དྲག་ཏུ་གཏོང་བའི་བསླབ་གཞི་ཞིག་ཡིན་ཞིང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱིལྣ་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ནི་ཡིད་ཆེས་དང་ཕུགས་འདུན་ལ་ཤུགས་སྣོན་པའི་ལག་ལེན་བླང་བྱ་ཡིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་དད་མོས་ཀྱི་བསམ་བློ་ཇེ་བརྟན་དུ་གཏོང་བ་དང་། ཕུགས་འདུན་གྱི་ཧུར་བརྩོན་ཇེ་བརྟན་དུ་གཏོང་བ། ཡིད་ཆེས་ཀྱི་སྟོབས་ཤུགས་སྲ་བརྟན་དུ་བཏང་སྟེ། དད་མོས་དང་ཡིད་ཆེས། ཕུགས་འདུན་བཅས་ཀྱིས“འདུ་ཤེས་བཞི”མཐོར་འདེགས་དང་། “ཡིད་ཆེས་་བཞི་སྲ་བརྟན”“སྲུང་སྐྱོབ་གཉིས”སྒྲུབ་པར་བྱས་ཏེ། དུས་རབས་གསར་བའི་རྒྱང་བསྐྱོད་ལམ་བུའི་སྟེང་བསྐྱོད་པར་བྱེད་དགོས་ཞེས་བསྟན།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ལ་བྱས་རྗེས་འཇོག་ཕོད་པའི་སྙིང་སྟོབས་ཀྱིས་གཞོགས་འདེགས་བྱེད་དགོས་ཤིང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་སྐུལ་འདེད་གཏོང་དགོས། ཀྲུང་གོ་གསར་བ་དབུ་བརྙེས་པ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་བར་བསྐྱོད་པར། གོམ་གང་མདུན་དུ་སྤོས་ན། གཏོང་ཕོད་ཀྱི་སྙིང་སྟོབས་དང་དཀའ་སྤྱད་སྡུག་རུས་ཚང་མ་རྟག་བརྟན་གྱི་བརྗོད་དོན་ཡིན། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་། བསམ་བློ་རྟོགས་པ། དོན་དངོས་སྒྲུབ་པ། མགོ་གསར་བ་རྩོམ་པར། བསམ་བློ་རྟོག་པ་དེ་གནད་འགག་དུ་བཟུང་ནས། སྔར་ལས་ལྷག་པའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་གོ་རྟོགས་ཡོད་པར་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་ལྟ་བའི་བྱེད་ཐབས་ཁོང་དུ་ཆུད་པར་བྱས་ནས། ཆབ་སྲིད་ཀྱི་ལངས་ཕྱོགས་དང་། རིན་ཐང་རེ་སྙེག བསམ་བློའི་རྣམ་པ། བརྩེ་བ་བཅས་ཚོར་དུ་བཅུག་ཏེ། ཆབ་སྲིད་ཀྱི་བརྡར་གཅོད་ནུས་ཤུགས་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་ཤུགས། ཆབ་སྲིད་ཀྱི་ལག་བསྟར་ནུས་ཤུགས་བཅས་མཐོ་རུ་གཏོང་དགོས། ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལྟར། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“ལོ་རྒྱུས་བཞིའི”དྲིལ་སྒྲོག་སློབ་གསོ་དང་ཟུང་འབྲེལ་སྒོས། བྱ་བར་སྐུལ་འདེད་སློབ་སྦྱོང་དང་། བྱ་བ་དམ་འཛིན་བྱས་ཏེ་སློབ་སྦྱོང་ལ་སྐུལ་འདེད་གཉིས་ཟུང་འབྲེལ་སྒོས།འགོར་འགྱངས་མི་བྱེད་པ་གཉིས་དང་སྐུལ་སྤེལ་གཉིས་མངོན་འགྱུར་བྱེད་དགོས་ཞེས་བསྟན།
ཚོགས་འདུའི་སྔོན་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་ཁོངས་མིས་གཅིག་བསྡུས་སྒོས་མཚོ་སྔོན་ཏང་གི་ལོ་རྒྱུས་སློབ་གསོའི་འགྲེམ་སྟོན་ཁང་དུ་ལྟ་སྐོར་བྱས། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཐེངས་གཉིས་པའི་ཆེད་དོན་བགྲོ་གླེང་ཚོགས་འདུ་བསྡུས།