གློག་འཕྲིན་ཞབས་ཞུ་ཁྱབ་གདལ་དུ་བཏང་ནས་གྲོང་གསེབ་དར་སྤེལ་གྱི“བརྡ་འཕྲིན་ཟམ་པ”བཙུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2015ལོའི་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་ནོར་སྲིད་པུའུ་གཉིས་ཀྱིས་གློག་འཕྲིན་ཞབས་ཞུ་ཁྱབ་གདལ་ཚོད་ལྟའི་བྱ་བ་མགོ་བརྩམས་པའི་རིང་། མཚོ་སྔོན་ཞིང་ཆེན་བརྡ་འཕྲིན་འཕྲིན་གཏོང་ལས་རིགས་ཀྱིས་ཧུར་ཐག་གིས་སེམས་ཤུགས་གཅིག་སྒྲིལ་གྱིས་དཀའ་བ་ཁྱད་དུ་བསད་དེ། སྟོབས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་དྲ་རྒྱ་འཛུགས་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་བཏང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་འོག  མཚོ་སྔོན་ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུས་ཀྱིས་ཧུར་ཐག་གིས་རྒྱལ་ཁབ་ལས་གཞིའི་མ་དངུལ་རེ་ཞུ་བརྩོན་ལེན་བྱས་ཤིང་། རེ་ཞུ་བྱ་བ་ཐེངས6བདེ་བླག་ངང་རྩ་འཛུགས་བྱས་པ་དང་། ཞིང་ཆེན་ཡོངས་སུ་གློག་འཕྲིན་ཞབས་ཞུ་ཁྱབ་གདལ་ཚོད་ལྟའི་ལས་གཞི་འཛུགས་སྐྲུན་བྱས། ད་ལྟའི་བར། ཀྲུང་དབྱང་གི་ཁ་གསབ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར10.88ཐོབ་པ་དང་། ཞིང་ཆེན་ནང་ཁུལ་གྱི་གློག་འཕྲིན་དང་། སྤོ་སྒུལ། འབྲེལ་འཕྲིན་བཅས་གློག་འཕྲིན་ཚོང་གཉེར་ཁེ་ལས་ཀྱི་དངུལ་གཏོང་ཧ་ལམ་སྒོར་དུང་ཕྱུར25ཐོབ་ཅིང་། སྲིད་འཛིན་སྡེ་བ3174ཡི་དྲ་རྒྱའི་སྐུད་ལམ་འཛུགས་སྐྲུན་ལེགས་འགྲུབ་བྱས་པ་དང་། མཐའ་འཁོར་ས་ཁོངས་ཀྱི4Gགཞི་རྟེན2511གསར་དུ་བསྣན།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།