ལིའུ་ཁྲའོ་ཡིས་མཚོ་ནུབ་ཁུལ་དུ་ནོར་ཁྲལ་ལས་དོན་ལ་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས7ཉིན་ནས་ཚེས9ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དང་ན་གོར་མོ་གྲོང་ཁྱེར། ཝུའུ་ལན་རྫོང་བཅས་སུ་སྔ་རྗེས་སུ་ནུས་རྒྱུ་གསར་པའི་གློག་འདོན་དང་། ཚྭ་མཚོ། གཏེར་འདོན་སོགས་ཁེ་ལས་དང་དེ་བཞིན་མཚོ་ནུབ་ཁུལ་གྱི་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་ཕྱིན་ནས་ཡུལ་དངོས་སུ་ཁེ་ལས་འཕེལ་རྒྱས་དང་ནོར་ཁྲལ་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་དང་རྒྱུས་ལོན་གནང་།

ལིའུ་ཁྲའོ་ཡིས་ནོར་ཁྲལ་ལས་དོན་ནི་དཔལ་འབྱོར་འཛུགས་སྐྲུན་ལ་གྲུབ་འབྲས་ཐོབ་པའི་ཚད་གཞི་གལ་ཆེན་ཞིག་ཡིན་ལ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བའི་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་ནོར་ཁྲལ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས“ས་གནས་བཞིའི”འཛུགས་སྐྲུན་ལ་འདེགས་སྐྱོར་དང་འགན་ལེན་བྱེད་དགོས། རྩ་འཛུགས་ཀྱིས་ཡོང་འབབ་དང་ཁྲལ་ཁུངས་སྐྱེད་སྲིང་བྱེད་པ་གཉིས་ཀ་དམ་འཛིན་བྱེད་པ་མཐའ་འཁྱོངས་ཀྱིས་མངོན་མེད་ཡོང་འབབ་འཕར་བའི་བར་མཐོངས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱས་ཏེ་བསྡུ་དགོས་པའི་རིགས་ཚང་མ་བསྡུ་ཐུབ་པ་དང་དུས་ཐོག་ཏུ་མཛོད་དུ་འཇུག་ཐུབ་པར་འགན་ལེན་བྱེད་པ་དང་། ཤུགས་ཚད་སྔར་བས་ཆེ་བའི་སྒོ་ནས་ཁྲལ་ཁུངས་སྐྱེད་སྲིང་བྱེད་པ། ཁྲལ་ཁུངས་གསར་པ་དང་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་པ་བཅས་བྱས་ཏེ་ནོར་སྲིད་ཀྱི་འགན་ལེན་ནུས་པ་ནན་ཏན་གྱིས་ཆེ་རུ་གཏོང་དགོས། “ས་གནས་བཞིའི་”འཛུགས་སྐྲུན་ལ་ནོར་སྲིད་ཀྱི་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ནས་ཐོན་ལས་ཀྱི་ཐེབས་རྩ་དང་ས་གནས་སྲིད་གཞུང་གི་བུན་འཛིན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “ས་གནས་བཞིའི”འཛུགས་སྐྲུན་ནང་ཞུགས་པར་སྣེ་ཁྲིད་དང་སྐུལ་ཁྲིད་བྱེད་པ་དང་། དཔྱ་ཁྲལ་ཆག་ཡང་དང་གྲོན་དངུལ་བསྡུ་གཅོག་གི་སྲིད་ཇུས་དོན་འཁྱོལ་ནན་མོ་བྱས་ཏེ་སྲིད་ཇུས་ལག་བསྟར་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་སྔར་བས་ཆེ་རུ་གཏོང་བ་དང་། ཆག་ཡང་གཏོང་དགོས་པའི་ཁྲལ་ཉུང་དུ་གཏོང་བ་དང་གཅོག་དགོས་པའི་གྲོན་དངུལ་ཉུང་དུ་བཏང་ནས་ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་ཐོབ་ཚོར་སྔར་བས་ཆེ་རུ་གཏོང་བ། སྔོན་རྩིས་དོ་དམ་སྒྲིག་སྲོལ་བསྒྱུར་བཅོས་སྔར་ལས་ཟབ་སྤེལ་དང་། “ཁྱོན་ཡོངས་ལ་ཁྱབ་པའི”སྔོན་རྩིས་ཀྱི་ཕན་འབྲས་ལ་དོ་དམ་བྱས་ཏེ་ནོར་སྲིད་མ་དངུལ་གྱི་བེད་སྤྱོད་ཕན་ནུས་ཆེ་རུ་གཏོང་བ། ནོར་ཁྲལ་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་ནས“དྲ་གཅིག་ཡོངས་སྒྲུབ”དང“གཅིག་བསྡུས་ཞབས་ཞུ”ལ་སྐུལ་འདེད་བཏང་སྟེ་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་དགོས་ཞེས་ནན་གྱིས་བསྟན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།