ལིན་ཧུའུ་གནམ་དཔྱད་ལྟ་ཞིབ་ཚད་ལེན་རྟེན་གཞིའི་“སྨི2.5ཅན་གྱི་རྒྱང་ཤེལ”ལས་གཞི་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས11ཉིན། ཀྲུང་གོའི་ཚན་རིག་ལག་རྩལ་སློབ་ཆེན་གྱི་ཙིའི་ཅིན་རི་བོའི་གནམ་དཔྱད་རྒྱང་ཤེལ་ལས་གཞི་དེ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མང་ནེ་གྲོང་ཁྱེར་ལིན་ཧུའུ་གནམ་དཔྱད་ལྟ་ཞིབ་ཚད་ལེན་རྟེན་གཞི་རུ་ལས་མགོ་བརྩམས།

ཀྲུང་གོའི་ཚན་རིག་ལག་རྩལ་སློབ་ཆེན་གྱི་ཙིའི་ཅིན་རི་བོའི་གནམ་དཔྱད་སྟེགས་བུའི་སྨི2.5ཅན་གྱི་གནམ་དཔྱད་རྒྱང་ཤེལ་ལས་གཞིའི་སྤྱིའི་མ་དངུལ་སྒོར་དུང་ཕྱུར2བཏང་བ་དང་། དེ་ནི་ཀྲུང་གོའི་ཚན་རིག་ལག་རྩལ་སློབ་ཆེན་གྱིས་ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི“ཕུལ་བྱུང་གཉིས”ཀྱི་རིག་ཚན་སྟེགས་བུ་ཞིག་ཡིན་ཞིང་། ཞེང་ཚད་ལ་སྨི2.5ཡོད་ལ་རྒྱལ་སྤྱིའི་སྔོན་ཐོན་གྱི་འོད་རིག་པའི་མ་ལག་འཆར་འགོད་བེད་སྤྱད་ཅིང་། དུས་མཚུངས་སུ་བརྙན་རིས་ཀྱི་སྤུས་ཚད་མཐོ་ཞིང་། མཐོང་རྒྱ་ཆེ་བ། རླབས་རིས་ཞེང་ཚད་ཆེ་བའི་ཁྱད་ཆོས་ལྡན་པ་དང་། རྟགས་ཚད་དང་གསལ་ཚད་མཐོ་བའི་ཚད་ལེན་མངོན་འགྱུར་བྱུང་ཞིང་།གནམ་དཔྱད་རྟོག་དཔྱོད་ཀྱི་ནུས་ཤུགས་ཆེས་ཆེར་ལྡན་ལ། མཚན་མོ3རེ་ལ་སའི་གོ་ལའི་བྱང་ངོས་ཕྱེད་ཙམ་ལ་སྐོར་ཞིབ་ཐེངས་གཅིག་བྱེད་ཐུབ།

ལས་གཞི་དེ་འཛུགས་སྐྲུན་ལེགས་འགྲུབ་འབྱུང་རྗེས། སའི་གོ་ལའི་བྱང་ངོས་ཕྱེད་ཙམ་གྱི་སྐོར་ཞིབ་ནུས་ཤུགས་ཀྱི་འོད་ནུས་རིག་པའི་སྐོར་ཞིབ་ཚད་ལེན་སྒྲིག་ཆས་སུ་འགྱུར་ཐུབ་པ་དང་། ཞིབ་ཚད་མཐོ་བ་དང་གསལ་ཚད་མཐོ་བའི་གཞི་གྲངས་ཐོབ་ཐུབ་ཅིང་། ཕན་ནུས་མཐོ་བའི་འཚོལ་ཞིབ་དང་གནམ་དཔྱད་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱེད་པ། དེ་མིན་གནམ་དཔྱད་དང་ཉི་མའི་ཁྱིམ་རྒྱུད་ཕྱི་རོལ་གྱི་འཚོལ་ཞིབ་དང་། སྐར་མའི་ཁྱིམ་རྒྱུད་སྒྲིག་གཞི། སའི་གོ་ལའི་རིག་པ་སོགས་ཁྱབ་ཁོངས་ཀྱི་ཐོད་བརྒལ་རང་བཞིན་གྱི་གྲུབ་འབྲས་ལ་སྔོན་དཔག་བྱེད་ཐུབ་པ་དང་། ལིན་ཧུའུ་གནམ་དཔྱད་ཚན་རིག་ཞིབ་འཇུག་དང་ཀྲུང་གོའི་ཚན་རིག་ལག་རྩལ་སློབ་ཆེན་གྱི་“སྔོན་ཐོན་གཉིས”ཀྱི་འཛུགས་སྐྲུན་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།