མཚོ་སྔོན་ཞིང་ཆེན་མེ་གསོད་མེ་འགོག་མྱུར་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་གནོད་འགོག་གནོད་སེལ་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས12ཉིན་ནི་རང་རྒྱལ་གྱི“གནོད་འགོག་གནོད་སེལ་ཉིན་མོ”ཐེངས13པ་ཡིན་ཞིང་། ད་ལོའི“གནོད་འགོག་གནོད་སེལ་ཉིན་མོའི”བརྗོད་དོན་ནི“གནོད་འགོག་ཉེན་ཁ་ཞི་འཇགས་སུ་བཏང་ནས། བདེ་འཇགས་འཕེལ་རྒྱས་རྨང་གཞི་སྲ་བརྟན་དུ་གཏོང་བ”དེ་ཡིན། སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་གནོད་འགོག་ནུས་ཤུགས་འཛུགས་སྐྲུན་ལ་ཤུགས་སྣོན་དང་། གནོད་འགོག་གནོད་སེལ་ཤེས་བྱ་དང་ལག་རྩལ་ཁྱབ་གདལ་ལ་ཤུགས་སྣོན་དང་། དམངས་ཡོངས་ཀྱི་གནོད་འགོག་གནོད་སེལ་འདུ་ཤེས་མཐོར་འདེགས་སུ་གཏོང་ཆེད། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་མེ་གསོད་མེ་འགོག་མྱུར་སྐྱོབ་རུ་ཁག་གིས་རྣམ་པ་འདྲ་མིན་གྱི་མེ་གསོད་མེ་འགོག་ཤེས་བྱའི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ། 

མཚོ་སྔོན་ཞིང་ཆེན་མེ་གསོད་མེ་འགོག་མྱུར་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་སྐད་འཕྲིན་སྤྱི་སྟེགས་དང་གཞུང་ཕྱོགས་པོད་ཕྲན། འཁྱུགས་དབྱངས་སོགས་སྨྱན་བྱད་གསར་བའི་སྟེགས་བུ་སྤྱད་དེ“གནོད་འགོག་གནོད་སེལ་མྱུར་སྐྱོབ་དང་། དམངས་ཡོངས་ཀྱི་ལག་རྡང་སྦྲེལ་ནས་དེའི་ཁྲོད་ཞུགས་པའི”གནོད་འགོག་གནོད་སེལ་དྲིལ་སྒྲོག་གཟའ་འཁོར་གླེང་གཞི་སྤེལ་བ་དང་། མཚོ་སྔོན་མེ་གསོད་མེ་འགོག་གིས་“གནོད་འགོག་གནོད་སེལ”དྲ་རྒྱའི་ཐད་གཏོང་སློབ་ཁྲིད་བྱས་པ་དང་། རྣམ་པ་འདྲ་མིན་གྱི་སྒོ་ནས་གནོད་འགོག་གནོད་སེལ་ཤེས་བྱའི་ཚན་རིག་ཁྱབ་གདལ་བྱས་ཤིང་། ནང་དོན་ལ(ས་ཡོམ)གནོད་འགོག་གནོད་སེལ་ཚན་རིག་ཁྱབ་གདལ་ཤེས་བྱ་དང་།(མེ་སྐྱོན)གྱི་གནོད་འགོག་གནོད་སེལ་ཚན་རིག་ཁྱབ་གདལ་ཤེས་བྱ་སོགས་ཡོད་ཅིང་། རིམ་པ་སོ་སོ་དང་སྨྱན་བྱད་སོ་སོས་དྲིལ་སྒྲོག་ཁྱབ་གདལ་བཏང་། ས་གནས་སོ་སོས་མེ་གསོད་མེ་འགོག་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞི་ནས་གནོད་འགོག་གནོད་སེལ་ཚན་རིག་ཁྱབ་གདལ་བྱ་འགུལ་སྤེལ་བ་དང་། ཐོག་མའི་མེ་སྐྱོན་གསོད་པ་དང་། རང་ཉིད་སྐྱོབ་པའི་རྩལ་ནུས་འགྲེལ་བརྗོད་བྱེད་པ། དེ་མིན་མེ་སྐྱོན་ཉེན་ཁ་འཚོལ་བའི་ས་གནས་མི་འདྲ་བའི་བདེ་འཇགས་ཉེན་ཁ་རྩད་ཞིབ་བྱེད་པ། ཡུལ་དངོས་མི་འདྲ་བའི་བདེ་འཇགས་ཉེན་ཁའི་ཤན་འབྱེད་ནུས་པ་མཐོར་འདེགས་སུ་གཏོང་བ། དེ་མིན་ཉེན་ཁ་མེད་པར་བཟོ་བ་སོགས་ཀྱི་ནང་དོན་འགྲེལ་བརྗོད་བྱས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།