མཚོ་བྱང་ཁུལ་སྤྱི་བདེ་ཅུས་ཀྱིས“ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ”ཅེས་པའི་ལག་ལེན་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུས་ཀྱིས་རྒྱལ་ཡོངས་གློག་འཕྲིན་དྲ་རྒྱའི་རྣམ་པ་གསར་བའི་ཁྲིམས་འགལ་ནག་ཉེས་བཅོས་སྐྱོང་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་ནས། གློག་འཕྲིན་དྲ་རྒྱའི་མགོ་གཡོག་དོན་རྐྱེན་ལ་འགོག་སྲུང་ལེགས་བཅོས་བྱེད་པ་དེ“ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ”ཅེས་པའི་ལག་ལེན་བྱ་འགུལ་གྱི་གནད་ཆེ་སར་བཟུང་ནས། དུས་ཚིགས་དང་པོའི་གློག་འཕྲིན་དྲ་རྒྱའི་མགོ་སྐོར་དོན་རྐྱེན་བྱུང་ཚད11.86%མར་ཆག་པ་མངོན་འགྱུར་བྱུང་ཏེ། ཞིང་ཆེན་ཡོངས་ཀྱི་དོན་རྐྱེན་བྱུང་ཚད་མར་ཆག་པའི་ས་ཁུལ་ཐོག་མར་གྱུར་བ་དང་། འབུར་ཐོན་གྱི་བྱ་བའི་གྲུབ་འབྲས་ཀྱིས་སློབ་གསོའི་དག་ཐེར་གྱི་ཕན་འབྲས་མངོན་ཞིང་། མང་ཚོགས་ཀྱིས་ཁས་ལེན་ཐོབ།

བྱེ་བྲག་གི་བྱ་བའི་ཁྲོད། མཚོ་བྱང་ཁུལ་སྤྱི་བདེ་ཅུས་ཏང་ཨུས་མི་དམངས་གཙོ་བོར་འཛིན་པ་དང་། གནད་དོན་གྱི་ཁ་ཕྱོགས་འབུར་ཐོན་དུ་བཏང་ནས། དུས་དཔག་བབ་བསྟུན་བྱས་ཏེ། དམངས་ཡོངས་ཀྱི་མགོ་གཡོག་ལ་ངོ་རྒོལ་བྱེད་པའི་བྱ་བའི་བསམ་ཕྱོགས་གཏན་འཁེལ་བྱེད་པ་དང་། གློག་འཕྲིན་དྲ་རྒྱའི་མགོ་སྐོར་ནག་ཉེས་ཀྱི“ཉིན་བརྒྱའི་འགུལ་སྐྱོད”སྤེལ་ནས། “བྱེད་ཐབས་བརྒྱད”གསར་གཏོད་དང་ཞིབ་ཚགས་སུ་བཏང་སྟེ། ཁྱོན་ཡོངས་ནས་རྒྱུ་ཆ་དང་། དཔེར་མཚོན་གྱོད་གཞི་བསྡུ་སྒྲིག་དང་ལེགས་སྒྲིག་བྱས་ཏེ། དུས་ངེས་ཅན་ནང་དྲིལ་སྒྲོག་བརྙན་ཐུང་དང་། བརྙན་ཐུང་། གློག་བརྙན་ཐུང་གྲས་སོགས་སྒྲིག་སྦྱོར་བྱས་ཤིང་།གོ་སླ་བའི་དྲིལ་སྒྲོག་རྣམ་པས་སྤྱི་ཚོགས་དྲིལ་སྒྲོག་སློབ་གསོའི་འགོག་སྲུང་ལ་ཤུགས་བསྣན་ནས། གློག་འཕྲིན་མགོ་སྐོར་གྱོད་དོན་བྱུང་མང་བ་ཚོད་འཛིན་བྱེད་པར་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་སྐྲུན། དུས་མཚུངས་སུ། ལས་རེས་ལ་ཤུགས་སྣོན་དང་། ཉེན་བརྡའི་བརྡ་འཕྲིན་ཚང་མ་ཉེན་ཁའི་ཚད་རིམ་ལྟར་དུས་ཚོད་དང་པོའི་ནང་ཐག་གཅོད་བྱེད་པ་རྒྱུན་འཁྱོངས་བྱེད་པ། སྔོན་བརྡའི་ཁ་པར་དང་ལེན་མི་བྱེད་པའི་དོ་བདག་དང་། གཞི་གྲངས་ཆེན་མོའི་བརྡར་གཅོད་ཀྱི་རྣམ་པས་འབྲེལ་འདྲིས་བྱེད་སྟངས་གཞན་ལ་བརྟེན་ནས་ཁ་པར་སྔོན་བརྡ་གཏོང་བ། ཁ་པར་གྱི་འབྲེལ་གཏུག་བྱེད་ཐབས་མེད་པའི་དོ་བདག སྔོན་བརྡའི་བཀའ་བརྡ་དེ་ཁོངས་གཏོགས་མངགས་གཏོང་ཁང་ལ་བཏང་ནས། རང་འགུལ་གྱིས་ཐོ་འགོད་དང་ངོ་ཐུག་བྱེད་དགོས་པ་མ་ཟད།《སྔོན་བརྡའི་བརྡ་ལན་ཡི་གེ》སྐོང་དགོས་པ་དང་། ལག་རྩལ་བྱེད་ཐབས་སྤྱད་དེ་གྱོད་དོན་མི་འབྱུང་བར་འགོག་རྒོལ་བྱས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།