“5·12”རྒྱལ་སྤྱིའི་ནད་གཡོག་དུས་ཆེན་སྐབས་སུ་བྱ་འགུལ་སྣ་མང་སྤེལ་ནས་དམངས་ཀྱི་བདེ་ཐང་ཤེས་བྱ་མཐོར་འདེགས་སུ་བཏང་བ།

81dd5894-5354-4276-a43d-7192cc09c281.tif.jpg

5e00d04d-9e99-4c8c-b003-831c3ca45804.tif.jpg

edea9a64-4fc6-449a-8cf3-360cd1fedd34.tif.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “5·12”རྒྱལ་སྤྱིའི་ནད་གཡོག་དུས་ཆེན་ཐོན་ལ་ཉེ་སྐབས། མཚོ་སྔོན་ཞིང་ཆེན་བདག་སྐྱོང་སློབ་ཚོགས་ཀྱིས་ཞིང་ཆེན་མི་དམངས་སྨན་ཁང་སོགས་ཞིང་ཆེན་གྱི་སྨན་བཅོས་སྡེ་ཁག་གི་སྨན་བཅོས་དང་བདག་སྐྱོང་ཆེད་མཁས་པ། ལས་བྱེད་མི་སྣ200ལྷག་རྩ་འཛུགས་བྱས་ཏེ། ཟི་ལིང་གྲོང་ཁྱེར་ཞིན་ཉིན་ཐང་ཆེན་དུ“ཚན་རྩལ་ལ་བརྟེན་ནས་དམངས་ཀྱི་འཚོ་བ་སྐུལ་འདེད་བྱེད་པ་དང་ཚན་རྩལ་ཁྱབ་གདབ་དུ་བཏང་སྟེ་བདེ་ཐང་ལ་བདག་སྐྱོང་བྱེད་པ”བརྗོད་དོན་དུ་བཟུང་ནས་ཚན་རྩལ་ཁྱབ་གདལ་དང་གཞི་རྒྱ་ཆེ་བའི་རིན་མེད་སྨན་བཅོས་བྱ་འགུལ་སྤེལ་བ་དང་། དམངས་ཀྱི་བདེ་ཐང་ཤེས་བྱ་མཐོར་འདེགས་སུ་བཏང་། 

བྱ་འགུལ་ཁྲོད། རང་ཞིང་གི་སྨན་བཅོས་དང་བདག་སྐྱོང་ཆེད་མཁས་པས་མང་ཚོགས་ལ་མྱུར་སྐྱོབ་ནུས་རྩལ་དང་གཅོང་ནག་དོ་དམ། པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག ཀྲུང་ལུགས་གསོ་རིག་གི་ལུས་ཁམས་བདེ་སྲུང་། བགྲེས་པོའི་ལུས་པོ་བདེ་ཐང་དོ་དམ་སོགས་ནས་རིན་མེད་སྨན་བཅོས་དང་བློ་འདྲི་བྱ་འགུལ་སྤེལ། རྗེས་ཕྱོགས་ད་དུང་ཞིང་ཆེན་ཡོངས་ནས་ཚན་རྩལ་གཞིས་ཁུལ་དང་སློབ་གྲྭ། སྤྱི་སྤྱོད་ཚོགས་ར། གཞི་རིམ་དང་དུད་ཁྱིམ་དུ་སྐྱེལ་བའི“ལྔ་སྐྱེལ”བྱ་འགུལ་སྤེལ་ནས། སྔར་ལས་ལྷག་པར་བདེ་ཐང་གི་འཚོ་བའི་རྣམ་པ་སྒྲོག་སྤེལ་བྱས་ཏེ། དམངས་ཡོངས་ཀྱི་བདེ་ཐང་ཐད་ཀྱི་ཚན་རིག་ཤེས་བྱ་མཐོར་འདེགས་སུ་གཏོང་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།