མཚོ་སྔོན་ཞིང་ཆེན་གྱི2021ལོའི་མཐོ་རྒྱུགས་དཀྱུས་མའི་རྒྱུགས་ར་བཀོད་སྒྲིག་བྱ་བ་ཡོངས་སུ་ལེགས་འགྲུབ་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི2021ལོའི་མཐོ་རྒྱུགས་དཀྱུས་མའི་གྲ་སྒྲིག་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་པའི་སྒང་རེད། ཟླ5ཚེས11ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སློབ་བསྡུ་རྒྱུགས་ལེན་ཁང་གིས་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན། རྒྱུགས་སྤྲོད་སློབ་མའི་ཁྱིམ་བདག་གི་འཐུས་མི། སྒྲིག་བཤེར་སྡེ་ཁག གསར་འགྱུར་སྨྱན་སྦྱོར་བཅས་གདན་དྲངས་ནས་རྒྱུགས་ར་བཀོད་སྒྲིག་བྱ་ཡུལ་དུ2021ལོའི་མཐོ་རྒྱུགས་དཀྱུས་མའི་རྒྱུགས་ར་བཀོད་སྒྲིག་ལས་དོན་ལ་ཡུལ་དངོས་ལྟ་སྐུལ་དང་བདེན་དཔང་བྱས།

མཐོ་རྒྱུགས་རྒྱུགས་ར་བཀོད་སྒྲིག་བྱེད་སྐབས་རྒྱུགས་སྤྲོད་ས་གནས་ནི་ལས་ཁུངས་ཡིན་པ་དང་། རྒྱུགས་སྤྲོད་སློབ་མ་ཚང་མ་མིང་ཐོ་འགོད་སའི་རྫོང(ཆུས)་ཏུ་རྒྱུགས་ར་བཀོད་སྒྲིག་བྱས། རྒྱུགས་ར་གཅིག་ནང་གི་རྒྱུགས་སྤྲོད་སློབ་མ་ཚང་མའི་ཕྱི་སྐད་སྐད་རིགས་གཅིག་ཡིན་ལ། དེའི་རྨང་གཞིའི་ཐོག་རྒྱུགས་ཁུལ་གཅིག་གི་རྒྱུགས་སྤྲོད་སློབ་མའི་རྒྱུགས་རའི་ཨང་རྟགས་དང་སྡོད་གནས་ཨང་གྲངས་གློག་ཀླད་ལ་བརྟེན་ནས་བདམས་པ་དང་། མཐར་གྲུབ་པའི་གཞི་གྲངས2021ལོའི་མཐོ་རྒྱུགས་རྒྱུགས་སྤྲོད་སློབ་མའི་རྒྱུགས་རའི་གྲངས་ཚད་དང་སྡོད་གནས་སུ་གཏན་འཁེལ་བྱས་པ་མ་ཟད། གཞི་གྲངས་རིགས་གཅིག་གི་གཞི་གྲངས་གསུམ་ཡུལ་དངོས་སུ་ཉར་ཚགས་བྱ་རྒྱུ་ཡིན་པ་དང་། ཞིང་ཆེན་སློབ་གསོ་ཐིང་གི་སྒྲིག་བཤེར་ལས་དོན་མི་སྣ་དང་། ཞིང་ཆེན་རྒྱུགས་ལེན་ཁང་གི་གསང་སྲུང་གཞུང་ལས་ཁང་། ལས་སྒོའི་སྡེ་ཁག་བཅས་ཀྱིས་ཁག་བགོས་ཀྱིས་དཔྱད་གཞིར་ཉར་ཚགས་བྱ་རྒྱུ་རེད།

བྱེད་སྒོའི་ཡུལ་དངོས་སུ་ཞིང་ཆེན་སློབ་བསྡུ་རྒྱུགས་ལེན་ཁང་གི་ལས་དོན་མི་སྣས་ད་ལོའི་རང་ཞིང་ཆེན་གྱི་མཐོ་རྒྱུགས་ཀྱི་འབྲེལ་ཡོད་གནས་ཚུལ་ཞིབ་ཕྲའི་ངོ་སྤྲོད་བྱས་པ་མ་ཟད། ཚང་མས་དོ་ཁུར་བྱེད་པའི་གནད་དོན་ཐད་དེ་གར་ཡོད་པའི་རྒྱུགས་སྤྲོད་སློབ་མའི་ཁྱིམ་བདག་དང་གླེང་མོལ་བྱས། རྒྱུགས་རའི་ཡུལ་དངོས་སུ་ལྟ་སྐུལ་བཀོད་སྒྲིག་བྱེད་པ་ནི་སློབ་བསྡུའི་ཡིག་རྒྱུགས་ཀྱི་ཉི་འོད་བཟོ་སྐྲུན་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་སློབ་གསོ་པུའུ་ཡི་བླང་བྱ་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་ཅིག་རེད། གོམ་སྟབས་རྗེས་མར་ཞིང་ཆེན་སློབ་བསྡུ་རྒྱུགས་ལེན་ཁང་གིས་ཆ་འཕྲིན་མུ་མཐུད་དུ་ཡོངས་བསྒྲགས་བཟང་པོ་བྱེད་པ་དང་། སྤྱི་ཚོགས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱེད་པ། ཞབས་ཞུའི་བྱེད་ཐབས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ། ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། མཐོ་རྒྱུགས་ཀྱི་གཞུང་དྲང་རང་བཞིན་དང་། གཟབ་ནན་རང་བཞིན། སྤྱིའི་ཡིད་ཆེས་ཐོབ་ཚད་བཅས་སྔར་བས་སྲུང་སྐྱོང་དང་མཐོ་རུ་གཏོང་བ་བཅས་བྱ་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།