མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་མགོ་ཁྲིད་བློ་མཐུན་རྒན་པར་འཚམས་འདྲིར་ཕེབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས8ནས་ཚེས10ཉིན་བར། དབྱི་སི་ལན་ཆོས་ལུགས་ཀྱི་སྨྱུང་གྲོལ་དུས་ཆེན་སླེབས་ལ་ཉེ་བའི་སྐབས་དེར། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་གཉིས་སོ་སོ་བློ་མཐུན་རྒན་པ་མཱ་ཅིན་ཞའོ་དང་ཧན་ཡུས་ཀོས། བློ་མཐུན་ཧན་ཡུན་ཞོན་གྱི་ཤུལ་བཞག་བཅས་ལ་འཚམས་འདྲིར་ཕེབས་ཏེ། ཞིང་ཆེན་ཡོངས་ཀྱི་ཧོས་རིགས་དང་ས་ལར་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས། 

འཚམས་འདྲིའི་སྐབས་སུ། རྡོ་རྗེ་རབ་བརྟན་སྔ་རྗེས་སུ་བློ་མཐུན་མཱ་ཅིན་ཞའོ་དང་ཧན་ཡུས་ཀོས་སོགས་ལ་སྙིང་ཉེ་བའི་གསུང་གླེང་མཛད་ཅིང་། བློ་མཐུན་རྒན་པ་རྣམས་ཀྱི་སྐུ་ལུས་བདེ་ཐང་དང་ཁྱིམ་ཚང་འཚོ་བའི་གནས་ཚུལ་འདྲི་རྟོག་ཞིབ་ཕྲ་གནང་བ་དང་། ཞིང་ཆེན་སྲིད་གྲོས་ཀྱིས་ཉེ་དུས་གཙོ་གནད་བྱ་བ་སྤེལ་བའི་གནས་ཚུལ་ཁོང་ཚོར་ངོ་སྤྲོད་བྱས་ཏེ། ཁོང་ཚོས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་སྲིད་གྲོས་ལས་དོན་ཐད་མཛད་རྗེས་གལ་ཆེན་བཞག་པར་བཀའ་དྲིན་ཞུས་པར་མ་ཟད། ཞིང་ཆེན་སྲིད་གྲོས་ཀྱི་བྱ་བ་ཁག་གི་བསམ་ཚུལ་བསམ་འཆར་ལ་ཞིབ་ཏུ་ཉན་ནས། ལྷག་བསམ་རྣམ་དག་གིས་ཁོང་ཚོ་དུས་ཆེན་ལ་དགའ་སྤྲོས་ཁེངས་པ་དང་ཚེ་རིང་ནད་མེད་ཡོང་བའི་རྟེན་འབྲེལ་ཞུས།

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། ད་ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པ”ལག་བསྟར་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་གྱི་རྒྱང་སྐྱོད་གསར་པ་ལས་སྒོ་འབྱེད་པའི་ལོ་དང་པོ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོའི་རྒྱལ་ཡོངས་ཀྱི“ཚོགས་ཆེན་གཉིས”སྐབས་སུ་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་དེས། མཚོ་སྔོན་གྱི་རྒྱང་རིང་འཕེལ་རྒྱས་ཀྱི་རྩ་བའི་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་གནད་དོན་ལ་བཀོད་སྒྲིག་གལ་ཆེན་མཛད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་སྤྲད་པའི་ལས་འགན་གལ་ཆེན་ལ་དམ་པོར་དམིགས་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་མཐུན་སྒྲིལ་དམ་པོས་སྣེ་ཁྲིད་ཅིང་། བྱ་བ་ཁག་ལ་སྤྱི་འདོམས་སྐུལ་འདེད་བྱས་ནས། “ལོ་ལྔའི་འཆར་གཞི་བཅུ་བཞི་པ”མངོན་འགྱུར་བྱེད་པར་མགོ་ལེགས་པར་བརྩམས་ཞེས་བསྟན། ཁོང་གིས་ད་དུང་བློ་མཐུན་རྒན་པ་ནི་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དངོས་བརྒྱུད་པ་དང་ཟབ་ཞུགས་པ། བདེན་དཔང་པ་བཅས་ཡིན། མཚོ་སྔོན་གྱི་ལས་དོན་ཁག་འཕེལ་རྒྱས་ལས་ཐོབ་པའི་གྲུབ་འབྲས་མངོན་སུམ་དག་བློ་མཐུན་རྒན་པའི་ཡུན་རིང་གི་འབད་བརྩོན་དང་དཀའ་ལས་བརྒྱབ་པར་ཁ་འབྲལ་ཐབས་མེད་པས། བློ་མཐུན་རྒན་པ་རྣམས་ཀྱིས་སྔར་བཞིན་མཚོ་སྔོན་གྱི་ལས་དོན་ཁག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་དོན་འཁྱོལ་བྱས་ཏེ། མཚོ་སྔོན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་གསར་པ་ཁྱོན་ཡོངས་ནས་ལས་སྒོ་འབྱེད་པར་མུ་མཐུད་དུ་ནུས་པ་འདོན་དགོས་ཞེས་གསུངས། ། 

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།