མཚོ་སྔོན་ཞིང་ཆེན་མི་དམངས་མཁའ་སྲུང་གཞུང་སྒྲུབ་ཁང་གི་ཏང་ཙུ་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཟུར་པ་ཏིང་ལིན་ཏང་ཁོངས་ལས་ཕྱིར་ཕུད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཉེ་ལམ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཆོག་མཆན་བཀོད་པ་ལྟར། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་མི་དམངས་མཁའ་སྲུང་གཞུང་ལས་ཁང་གི་ཏང་ཙུའུ་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཟུར་པ་ཏིང་ལིན་གྱི་ཁྲིམས་འགལ་སྒྲིག་འགལ་གནད་དོན་ལ་གྱོད་དོན་ཐོ་འགོད་བྱས་ཏེ་ཞིབ་བཤེར་བྱེད་མགོ་བརྩམས། 

   ཞིབ་བཤེར་བྱས་པ་བརྒྱུད། ཏིང་ལིན་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་དང་རྒྱལ་ཁབ་ཀྱི་གཞུང་བྱེད་མི་སྣ་ཞིག་ཡིན་པའི་ཆ་ནས། ཕུགས་འདུན་དད་སེམས་དོར་བ་དང་ཆབ་སྲིད་ཀྱི་སྒྲིག་ལམ་འགལ་བ། མི་གཞན་དང་མཉམ་འབྲེལ་བྱས་ཏེ་རྩ་འཛུགས་ཀྱིས་ཞིབ་བཤེར་བྱེད་པར་ངོ་རྒོལ་བྱེད་པ། བྱ་བའི་སྒྲིག་ལམ་དང་འགལ་བ་དང་མི་དམངས་མཁའ་སྲུང་གི་བཟོ་འགོད་གཞི་ཁྱོན་ཞིབ་བཤེར་བྱེད་པར་ཚད་གཞི་དང་མི་མཐུན་པ། ད་དུང་གོ་གནས་ལ་བརྟེན་ནས་མི་དམངས་མཁའ་སྲུང་གི་བཟོ་འགོད་ཡར་ཞུའི་ཆོག་མཆན་དང་ཡུལ་ཕྱོགས་གཞན་ནས་འཛུགས་སྐྲུན་བྱེད་པའི་མ་དངུལ་ཉུང་གཏོང་ཕྱོགས་ནས་མི་གཞན་ལ་ཁེ་ཕན་སྐྲུན་པ་མ་ཟད་རྒྱུ་ནོར་བླངས་ཡོད་པས། ལྐོག་རྔན་བླངས་བའི་ནག་ཉེས་དོགས་གཞི་ཡོད། 

ཏིང་ལིན་གྱིས་ཏང་གི་ཆབ་སྲིད་སྒྲིག་ལམ་དང་བྱ་བའི་སྒྲིག་ལམ་འགལ་བར་ཚབས་ཆེན་ཡིན་པ་དང་། གོ་གནས་ཕྱོགས་ཀྱི་ཁྲིམས་འགལ་ཚབས་ཆེན་ཡིན་པ། ལྒོག་རྔན་བླངས་བའི་ནག་ཉེས་དོགས་གཞི་ཡོད་པ་མ་ཟད། ཏང་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གནས་བབ་འོག སྐུམ་འཐེན་མི་བྱེད་པ་དང་ཆོག་ཤེས་མེད་པ་བཅས་ངོ་བོ་ཚབས་ཆེན་ཡིན་པ་དང་ཤུགས་རྐྱེན་ངན་པ་བཟོས་ཡོད་པས་ཐག་གཅོད་ནན་མོ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཉེས་ཆད་སྲོལ་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལྟ་ཞིབ་བཅའ་ཁྲིམས》《སྲིད་འཛིན་ལས་ཁུངས་ཀྱི་གཞུང་བྱེད་པའི་ཉེས་ཆད་སྲོལ་ཡིག》སོགས་འབྲེལ་ཡོད་ཐག་གཅོད་ལྟར། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་གྲོས་ཚོགས་སྟེེང་ཞིབ་འཇུག་བྱས་པ་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུར་ཡར་ཞུ་བྱས་ཏེ་ཆོག་མཆན་བཀོད་པ་བརྒྱུད། ཏིང་ལིན་ལ་ཏང་ཁོངས་ནས་ཕྱིར་ཕུད་པ་དང་ཐག་གཅོད་ལྟར་ལོངས་སྤྱོད་བྱེད་ཀྱིན་པའི་ཐོབ་ཐང་མེད་པར་བཟོས་ལ། ནག་ཉེས་དོགས་གཞི་ཡོད་པའི་གནད་དོན་ཞིབ་དཔྱད་ལས་ཁུངས་ལ་བརྒྱུད་སྤྲོད་བྱས་ཏེ་ཁྲིམས་ལྟར་ཞིབ་བཤེར་ཞུ་སྦྱོར་བྱ་རྒྱུ་ཡིན་པ་དང་ནག་ཉེས་དང་འབྲེལ་བའི་རྒྱུ་ནོར་ཞིབ་དཔྱད་ལས་ཁུངས་ལ་བརྒྱུད་སྤྲོད་བྱས།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།