ལི་ཅེ་ཞང2021ལོའི་ཀྲུང་གོའི་ཟོང་རྟགས་ཉིན་མོའི་བྱེད་སྒོར་ཞུགས་སྐབས་ནན་གྱིས་བསྟན་དོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5ཚེས10ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལི་ཅེ་ཞང་ཧྲང་ཧའེ་རུ2021ལོའི་ཀྲུང་གོའི་སྤུས་རྟགས་ཉིན་མོའི་འབྲེལ་ཡོད་བྱེད་སྒོར་ཞུགས་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤུས་རྟགས་འཕེལ་རྒྱས་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ། ཐོན་རྫས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཟོང་རྟགས་འཛུགས་སྐྱོང་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཧུར་ཐག་གིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྣོན་དགོས་པར་གསུངས།

ལི་ཅེ་ཞང་སྔ་རྗེས་སུ་ཀྲུང་གོའི་ཟོང་རྟགས་ཉིན་མོའི་མགོ་རྩོམ་མཛད་སྒོ་དང་ཀྲུང་གོའི་ཟོང་རྟགས་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་གླེང་སྟེགས་སོགས་ཀྱི་བྱེད་སྒོར་ཞུགས་ནས། ཀྲུང་གོའི་རང་བརྟེན་ཟོང་རྟགས་དངོས་མང་སྟོན་ཚོགས་ཀྱི་མཚོ་སྔོན་འགྲེམས་ཁང་གི་འགྲེམས་སྟོན་གནས་ཚུལ་ལ་གཟིགས་ཞིབ། ཞིང་ཆེན་གྱི་འགྲེམས་ཞུགས་འབྲེལ་ཡོད་ཁེ་ལས་ཀྱི་འགན་འཁུར་བ་དང་ལབ་གླེང་གཏིང་ཟབ་བཅས་བྱས་པ་རེད། ཁོང་གིས་ཟོང་རྟགས་གཏོད་པར་ཤུགས་སྣོན་པ་དང་ཁྱད་ལྡན་ཟོང་རྟགས་གཏོད་རྒྱུ་ནི་ལྗང་མདོག་ཐཱན་ཉུང་གི་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཀྱི་མ་ལག་སྐྲུན་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས་ཟོང་རྟགས་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་སྔར་བས་གཅིག་སྒྲིལ་དང་། ཟོང་རྟགས་འཕེལ་རྒྱས་ཀྱི་འདུ་ཤེས་ཁྱབ་སྤེལ། སྤུས་རྟགས་འཕེལ་རྒྱས་ཀྱི་རྣམ་པ་གཏོད་པ་བཅས་བྱས་ཏེ་མཚོ་སྔོན་གྱི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་འགྲན་རྩོད་ནུས་པ་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་བསྟན།

ལི་ཅེ་ཞང་གིས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་དང་སྤུས་རྟགས་ཀྱི་འཐབ་ཇུས་ལ་ཤུགས་བསྣན་ཏེ་ལེགས་ཆའི་ཐོན་ཁུངས་ལ་བརྟེན་པ་དང་། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་ལྟེ་བར་བྱེད་པ། སྔོན་ཐོན་ཚན་རྩལ་གྱིས་འདེགས་སྐྱོར་བྱེད་པ་བཅས་ཀྱི་སྟེང་ནས་སྤུས་ཚད་དང་སྤུས་རྟགས་མཐོར་གཏོང་གི་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ་ནས་སྤུས་ཚད་ཞིང་ཆེན་སྟོབས་ཆེན་དང་ཟོང་རྟགས་ཀྱི་ཞིང་ཆེན་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། རྒྱུན་མཐུད་ཀྱིས“གློད་སྡོམ་ཞབས”གསུམ་གྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཀྱི་གསར་གཏོད་ཧུར་སེམས་ཆེ་རུ་གཏོང་བ། ཁེ་ལས་ལ་ཆེད་ལས་སྙིང་སྟོབས་དང་བཟོ་བོའི་སྙིང་སྟོབས་དར་སྤེལ་གཏོང་བར་ཁྲིད་སྟོན་བྱེད་པ། ཚྭ་མཚེའུ་དང་། ནུས་རྒྱུ་གཙང་མ། སྐྱེ་ཁམས་ཡུལ་སྐོར། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་། མི་རིགས་ཀྱི་བཟོ་རྩལ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང་བོད་སྨན་སོགས་ཁྱད་ལྡན་ལེགས་ལྡན་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ་བཅས་བྱས་ཏེ“མཚོ་སྔོན་རྟགས་ཅན”གྱི་ཟོང་རྟགས་སྔར་ལས་མང་བ་རྒྱལ་ཡོངས་དང་འཛམ་གླིང་ཕྱོགས་སུ་བསྐྱོད་ཐུབ་པ་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།