པའེ་ཧྲུའུ་གླིང་དུ་སུར་པན་གྱི་ལོ་ལེགས་བྱུང་བ།

3.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ5བའི་ཚེས1ཉིན་གྱི་ཕྱི་དྲོར་གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཧོ་ཞི་གྲོང་རྡལ་གྱི་མཚོ་སྔོན་པའེ་ཧྲུའུ་གླིང་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་སུར་པན་རྟེན་གཞི་རུ་སོང་བ་ན།  རླངས་འཁོར་ནང་སུར་པན་གང་བླུགས་ཡོད།

གསར་འགོད་པས་རྒྱུས་ལོན་པ་ལྟར་ན།  ཀུང་སི་འདིས2014ལོར་དཀར་བརྗིད་ཤང་གཡུ་ཚ་སྡེ་བ་དང་ཧོ་ཞི་གྲོང་རྡལ་རྒྱ་རོ་སོག་པོ་སྡེ་བ་རུ་བསྡོམས་པས་ས་ཞིང་སྤྱི་ཆིང85.3གྱི་སྟེང་དྲོད་ཁང527བཟོས་ཏེ་སུར་པན་འདེབས་འཛུགས་བྱས།  གནས་འདི་ནི་ཁྲི་ཀ་རྫོང་གི་ཆེས་ཆེ་བའི་སུར་པན་ཐོན་སྐྱེད་རྟེན་གཞི་རུ་གྱུར་ཡོད།

རླངས་འཁོར་ཁ་ལོ་བ་ཝང་ཏེང་ཝུའུ་ཡིས་བཤད་རྒྱུར།  ལྟོས་དང་སུར་པན་རླངས་འཁོར་གང་བོ་འདིར་སྤྱི་རྒྱ3000ལྷག་ཡོད།  2020ལོར་ང་གནས་འདི་རུ་ཡོང་ནས་སུར་པན་གྱི་ཚོང་ལས་གཉེར་བ་དང་།  ཉིན་གསུམ་གྱི་རིང་གནས་འདི་རུ་ཡོང་ནས་སུར་པན་རླངས་འཁོར་གང་དྲུད་ནས།  ཟི་ལིང་གྲོང་ཁྱེར་གྱི་སྔོ་ཚལ་ཚོང་ར་དང་ཡང་ན་སྐྱེ་དངོས་གླིང་གའི་ཞོགས་ཁྲོམ་དུ་བཙོང་དུ་སོང་བ་ཡིན།  ཁྲི་ཀ་རྫོང་གི་ཉི་འོད་ཆ་རྐྱེན་བཟང་བས་སུར་པན་གྱི་ཤུན་པག་སྲ་མོ་ཡིན་པ་དང་རྒྱུ་སྤུས་བཟང་བ།  ཟས་ན་ཁ་ལ་ཞིམ་ཞིང་ཁ་ཚ་བ་རེད།  སུར་པན་རྟེན་གཞི་འདིའི་ངལ་རྩོལ་པ་དག་གིས་རང་ཁྱིམ་གྱི་སྒོ་ཁ་ནས་ལས་ཞུགས་བྱེད་ཐུབ་པ་མ་ཟད།  ཁ་ལ་ཞིམ་ཞིང་གསར་བ་གསར་རྐྱང་ཡིན་པའི་སུར་པན་འདིའི་ཉེ་འཁོར་གྱི་ས་ཁུལ་དང་ཟིང་ལིང་གྲོང་ཁྱེར་གྱི་སྔོ་ཚལ་དགོས་མཁོ་བསྐོངས་ཐུབ་ལ།  མང་ཚོགས་རྣམས་ཀྱི་བདེ་ཐང་དང་ལྗང་མདོག་གི་ཟས་རིགས་ཀྱི་དགོས་མཁོ་ཡང་བསྐོང་ཐུབ་ཟེར།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།