ལིའུ་ཐའོ2021ལོའི་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོའི་གྲ་སྒྲིག་ལས་དོན་གྱི་ཆེད་དོན་ཚོགས་འདུར་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས11ཉིན། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས2021ལོའི་དྲུག་ལྔ་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོའི་གྲ་སྒྲིག་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། གཙོ་གནད་དམ་འཛིན་དང་དཀའ་གནད་སེལ་བ། གླེང་དོན་གཏོད་པ། འབར་གནད་དམིགས་འཛིན་བཅས་བྱས་ནས་གྲ་སྒྲིག་ལས་དོན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་ཏན་ཏིག་བཏང་སྟེ། ལངས་གནས་མཐོ་བ་དང་སྤུས་ཚད་མཐོ་བ། ཆུ་ཚད་མཐོ་བ་བཅས་ཀྱི་སྒོ་ནས་རྒྱལ་ཁབ་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་གྲ་སྒྲིག་ཡག་པོ་བྱ་རྒྱུའི་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།  

ལིའུ་ཐའོ་ཡིས་ནན་གྱིས་བསྟན་དོན། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། དམིགས་ཚད་ལས་འགན་ཁ་གསལ་བཟོ་བ། བསམ་ཕྱོགས་དང་བྱ་ཐབས་གསར་གཏོད་བྱེད་པ། ལས་ཀའི་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་ནན་འཛིན་དང་། གཙོ་གནད་འབུར་དུ་ཐོན་དེ་ནན་འཛིན། ཞིབ་ཆར་སྣང་ཆེན་བྱས་ཏེ་ནན་འཛིན་བཅས་བྱས་ནས་ལས་དོན་དོན་འཁྱོལ་ཞིབ་ཕྲ་ཡོང་བར་སྐུལ་འདེད་གཏོང་དགོས། བདག་པོའི་འདུ་ཤེས་བརྟན་པོ་བཙུགས་ནས་རྒྱལ་ཁབ་ཀྱི་པུའུ་ཨུ་དང་། ཞིང་ཆེན་ནང་ཁུལ་གྱི་སྡེ་ཁག ལས་དོན་ཚན་ཆུང་སོ་སོ། དེ་བཞིན་བྱེད་སྒོ་སོ་སོའི་བར་གྱི་འབྲེལ་གཏུག་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་གྲ་སྒྲིག་ལས་དོན་ལ་སྦྲེལ་མཐུད་ནུས་ལྡན་ཐུབ་པར་ཁག་ཐེག་བྱེད་དགོས། གླེང་སྟེགས་གྲ་སྒྲིག་དང་རིམས་ནད་སྔོན་འགོག་ཚོད་འཛིན། བདེ་འཇགས་འགན་ལེན། བཟའ་བཅའི་བདེ་འཇགས་འགན་ལེན་སོགས་ཀྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་དང་། གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་བཏོད་དེ2021ལོའི་དྲུག་ལྔ་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱ་དགོས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།