མཚོ་སྔོན་ཞིང་ཆེན་གྱིས་ཅི་ཨེར་ཅི་སི་སི་ཐན་དུ་རིམས་ནད་འགོག་བཅོས་ཀྱི་སྨན་བཅོས་རྒྱུ་ཆ་བསྐྱལ་བ།

2.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ5བའི་ཚེས11ཉིན།  མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ཕྱི་དོན་སྡེ་ཁག་གིས་འབྲེལ་མཐུད་དང་མཐུན་སྦྱོར་ཧུར་ཐག་བྱས་པའི་འོག  ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་ཕྱི་དོན་སྡེ་ཁག་དང་།  འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས་སོགས་ཀྱིསN95ཡི་ཁ་ཐུམ་དང་།  སྨན་བཅོས་འགོག་སྲུང་གྱོན་ཆས།  སྨན་བཅོས་ཁ་ཐུམ་སོགས་སྤྱིའི་རིན་ཐང་སྒོར་ཁྲི36.9ཟིན་པའི་རིམས་ནད་འགོག་བཅོས་དངོས་ཟོག་གྲབས་གསོག་བྱས་ནས།  ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་བརྒྱུད་ནས་ཅི་ཨེར་ཅི་སི་སི་ཐན་དུ་རིམས་ནད་འགོག་བཅོས་ཀྱི་སྨན་བཅོས་རྒྱུ་ཆ་བསྐྱལ་དེ་རིམས་ནད་འགོག་རོགས་བྱས་པ་རེད།  2021ལོའི་ཟླ5བའི་ཚེས11ཉིན་བར།  མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་ཕྱི་ཕྱོགས་རྒྱལ་ཁབ་བཞི་ལ(རྒྱལ་སྤྱིའི་མཛའ་གྲོགས་གྲོང་ཁྱེར6)ཞལ་འདེབས་ཕུལ་བ་དང་།  དེ་དག་སོ་སོ་ནི་ཧན་གོ་དང་།  ནེ་པ་ལ།  པུའུ་ལུང་ཏི།  ཅི་ཨར་ཅི་སི་སི་ཐན་བཅས་ཡིན།  རིམ་རྩིས་བྱས་པ་ལྟར་ན་ཞལ་འདེབས་དངུལ་སྒོར་ཁྲི106.2ཕུལ་བ་རེད།  

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།