མཚོ་སྔོན་ཞིང་ཆེན་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྤྱིའི་དངུལ་འབོར་བསྡོམས་པས་སྒོར་དུང་ཕྱུར1000ལས་བརྒལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས10ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་ནས་ཤེས་གསལ། 1995ལོར་མཚོ་སྔོན་དུ་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ལམ་ལུགས་ལག་བསྟར་བྱས་པ་ནས་བཟུང་། 2020ལོའི་བར། མཚོ་སྔོན་ཞིང་ཆེན་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྤྱིའི་དངུལ་འབོར་སྒོར་དུང་ཕྱུར1000ལས་བརྒལ་བ་དང་། དེའི་ཁྲོད2020ལོའི་ལོ་ཧྲིལ་བོར་སྒོར་དུང་ཕྱུར127.08སྤྲད་ཡོད། 

ཤེས་གསལ་ལྟར་ན། 2020ལོར། མཚོ་སྔོན་ཞིང་ཆེན་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་སྤྲོད་པའི་སྡེ་ཚན་གསར་བ1340འཕར་བ་དང་། བསྡོམས་པས་སྡེ་ཚན10650ཡོད། ལོ་ཧྲིལ་བོར་སྤྲད་པའི་མི་གྲངས་ཁྲི55.73ཡོད་པ་དང་། ལོ་སྔོན་མ་ལས་བརྒྱ་ཆའི་ཚེག2འཕར། གསར་དུ་བསྣན་པའི་ལས་བཟོ་བ་ཁྲི4.9ཡོད་པ་དང་། དེའི་ཁྲོད། ཁེ་ལས་སོ་སོ་དང་སྤྱི་ཚོགས་ཀྱི་ཚོགས་པ་སོགས་ཀྱི་ལས་བཟོ་བས67%ཟིན། སྒེར་གཉེར་བཟོ་ཚོང་བ་དང་རང་དབང་གི་ལས་ཞུགས་པ་སོགས་རང་འགུལ་ངང་སྤྲོད་མཁན་གྱི་མི་གྲངས5509ཡོད།  །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།