མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་ཀྲི་པུའུ་ཡི་བརྟག་སྡུར་བྱ་བར་དུས་རིམ་རང་བཞིན་གྱི་ཕན་འབྲས་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཀྲི་པུའུ་ཡིས“ཚད་གཞི་བརྒྱ་ཆའི་བརྒྱར་ལོན་པར་སྐུལ་འདེད་བཏང་ནས། ཏང་གི་ལོ་བརྒྱའི་འཁྲུངས་སྐར་བསུ་བ”ཞེས་པའི་དཔྱད་འཇོག་ལ་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་དེ་ཁྱོན་ཡོངས་ནས་བརྟག་སྡུར་དུས་རིམ་དུ་སླེབས་པའི་རིང་ལ། ས་གནས་སོ་སོ་དང་ལས་ཁུངས་སོ་སོའི་ཏང་ཨུའི(ཏང་ཙུའུ)ཡིས་བཀོད་སྒྲིག་ཞིབ་མོ་དང་གནད་འཁེལ་ལག་བསྟར་བྱས་ཏེ། བརྟག་སྡུར་གྱི་ཁྱབ་ཁོངས་སོ་སོར་ཁེབས་སུ་འཇུག་པར་སྐུལ་འདེད་བཏང་ནས་དུས་རིམ་རང་བཞིན་གྱི་ཕན་འབྲས་བླངས། 

ཤེས་གསལ་བྱུང་བ་ལྟར་ན། ད་ལྟའི་བར་དུ། ཁྱོན་ཡོངས་ནས་བརྟག་སྡུར་ཏང(སྤྱི)ཀྲི་པུའུ19630ལ་སླེབས་པ་དང་། ཁེབས་ཚད98%ལ་སླེབས་ཤིང་། དེའི་ཁྲོད་ཚད་གཞི་ལོན་པའི་ཏང(སྤྱི)ཀྲི་པུའུ19208ལ་སླེབས་པ་དང་། ཚད་གཞི་ལོན་ཚད97.8%ལ་སླེབས་པ་དང་། ཚད་གཞི་མ་ལོན་པའི་ཏང(སྤྱི)ཀྲི་པུའུ422ཡོད། ལེགས་བཅོས་ལེགས་འགྲུབ263དང་། ལེགས་འགྲུབ་བྱས་ཚད62.3%ལ་སླེབས་ཤིང་། ཐེངས་འདིའི་ཁྱོན་ཡོངས་བརྟག་སྡུར་བྱ་བའི་ཁྲོད། ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོའི་ཏང་ཨུའི(ཏང་ཙུའུ)ཡིས་གཟབ་ནན་སྒོས《ཁྱབ་ཁོངས་སོ་སོའི་ཏང་ཀྲི་པུའུ་ཡིས་དཔྱད་འཇོག་གིས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཚད་གཞི》ལྟར། མགོ་ཁྲིད་རྩ་འཛུགས་དང་། ཏང་ཡོན་དཔུང་ཁག བྱ་བའི་སྒྲིག་གཞི། རྨང་གཞི་འགན་སྲུང་སོགས་ཕྱོགས4ཡི་ཐུན་མོང་རང་བཞིན་དམིགས་ཚད་རྣམ་གྲངས15། ཁྱབ་ཁོངས8ཀྱི་བྱེ་བྲག་རང་བཞིན་གྱི་དམིགས་ཚད40དང་ལྡོག་ཕྱོགས་དམིགས་ཚད་བཅས་ལ་དམིགས་ཏེ། ཁོངས་གཏོགས་ཏང(སྤྱི)ཀྲི་པུའུ་ལ་ཁྱོན་ཡོངས་ནས་བརྟག་སྡུར་བྱས་པ་དང་། རིམ་པ་དང་རིགས་དབྱེ་པ་ལྟར་ཚད་གཞི་ལོན་པའི་ཏང(སྤྱི)ཀྲི་པུའུ་དང་། ཚད་གཞི་མ་ལོན་པའི་ཏང(སྤྱི)ཀྲི་པུའུ་རྩིས་ཐོ་དང་གནད་དོན་ཞིབ་ཐོ་གསར་འཛུགས་བྱས་པ་རེད།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།