མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་སྤེལ་ཆེད་དོན་བགྲོ་གླེང་ཚོགས་འདུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་དང་། ཞིང་ཆེན་ཞིང་ལས་དང་ཞིང་སྡེ་ཐིང་གིས་འགན་སྒྲུབ་བྱས་པའི“གྲོང་གསེབ་དར་སྤེལ་ཆེད་དོན་བགྲོ་གླེང་འཛིན་གྲྭ”དེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭར་བསྒྲུབས་མགོ་ཚུགས་ཤིང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་། གྲོང་ཁྱེར་དང་ཁུལ། རྫོང་དང་ཆུས་སོ་སོའི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་མི40གསོ་སྦྱོང་ཁྲོད་ཞུགས། 

སྐབས་འདིའི་བགྲོ་གླེང་འཛིན་གྲྭས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཧྲན་ཏུང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་གཉིས་ནས་དུས་ཡུན་ཉིན7རིང་གི་གསོ་སྦྱོང་བྱ་རྒྱུ་ཡིན་ལ། སློབ་མ་རྩ་འཛུགས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ་གྱི་གཞུང་ལུགས་ཞིབ་བརྗོད་གལ་ཆེན། དེ་མིན་གྲོང་གསེབ་དར་སྤེལ་འཐབ་ཇུས་བསམ་འཆར་དང་གྲོང་གསེབ་དར་རྒྱས་འཐབ་ཇུས་འཆར་འགོད་དང་། མཁར་ཤང་མཉམ་འདྲེས་འཕེལ་རྒྱས་གནས་བབ་དབྱེ་ཞིབ། ཐོན་ལས་དར་རྒྱས། སྐྱེ་ཁམས་གནས་འཚམ། ཡུལ་སྲོལ་དཔལ་ཡོན་སོགས་ཀྱི་ནང་དོན་ཐད་ནས་བགྲོ་གླེང་བྱ་རྒྱུ་རེད། གསོ་སྦྱོང་གི་སྐབས་སུ། ཆེད་དོན་སློབ་ཁྲིད་དང་ཡུལ་དངོས་སློབ་ཁྲིད། བརྗེ་རེས་བགྲོ་གླེང་བཅས་ཟུང་འབྲེལ་གྱི་རྣམ་པས་ཚང་མར་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་ནང་དོན་གལ་ཆེན་དང་གོ་རིམ། བྱེད་ཐབས་བཅས་ཁོང་དུ་ཆུད་པར་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་དང་། གྲོང་གསེབ་དར་སྤེལ་གྱི་བསམ་ཕྱོགས་གསར་བ་རྒྱ་བསྐྱེད། གྲོང་གསེབ་དར་སྤེལ་གྱི་བྱེད་ཐབས་གསར་བ་ཁོང་དུ་ཆུད་པར་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་ནུས་ཤུགས་མཐོར་འདེགས་སུ་གཏོང་རྒྱུ་རེད། 

ད་ལོ་ནི་དབུལ་ཐར་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དེ་གྲོང་གསེབ་དར་སྤེལ་གཉིས་དང་ཕན་ནུས་ལྡན་པའི་མཐུད་སྦྲེལ་བྱེད་པའི་གནད་འགག་གི་ལོ་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གྲོང་གསེབ་དར་སྤེལ་གྱི་དུས་རབས་འདིའི་ཁྲིད་གཞི་དང་འབྲེལ་ནས། ཆེད་དུ་གྲོང་གསེབ་དར་སྤེལ་འཐབ་ཇུས་ཆེད་དོན་བགྲོ་གླེང་འཛིན་གྲྭ་སྒྲུབ་ཅིང་། གསོ་སྦྱོང་བྱེད་པ་བརྒྱུད། འབྲེལ་ཡོད་ལས་ཁུངས་དང་སྡེ་ཁག་གིས་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལ་སློབ་སྦྱོང་བྱེད་པར་སྐུལ་འདེད་བཏང་སྟེ། རང་ཞིང་གི་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པར་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་ཞིག་འདིང་བ་དང་། བསམ་བློའི་སྟེང་གྲོང་གསེབ་དར་སྤེལ་འཐབ་ཇུས་ལ་ངེས་ཤེས་ཡོད་པར་བྱས་ནས། རང་ཞིང་གི“ཞིང་གསུམ”བྱ་བར་ཐབས་ལམ་ཞིག་མཁོ་འདོན་བྱས་པ་དང་།རང་ཞིང་གི་བཙོག་མེད་བཅུད་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འདྲེན་ས་གནས་དང་། བཙོག་མེད་བཅུད་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱེད་པར་གསོན་ཤུགས་བསྣོན་པ། གོ་སྐབས་སྐྲུན་ཡོད་པས། སློབ་མས་ཏན་ཏིག་གིས་སློབ་སྦྱོང་དང་གོ་རྟོག་ཟབ་མོས་མ་ལག་ཁོང་དུ་ཆུད་པར་བྱེད་པའི་ཁྲོད་དུ། གྲོང་གསེབ་དར་སྤེལ་གྱི་ཚན་རིག་གཞུང་ལུགས་ཀྱིས་ས་ཁོངས་སོ་སོ་དང་ས་ཁུལ་སོ་སོ། སྡེ་ཁག་སོ་སོའི་གྲོང་གསེབ་དར་སྤེལ་གྱི་ལག་ལེན་ལ་མཛུབ་སྟོན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་སྤེལ་འཐབ་ཇུས་བདེ་བླག་ངང་ལག་བསྟར་བྱེད་པར་གཞོགས་འདེགས་མཁོ་འདོན་བྱས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།