མཚོ་སྔོན་ཞིང་ཆེན་གྱི་རྫོང་ཁྲུའུ་རིམ་པའི་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཐེངས15པ་འཚོག་མགོ་བརྩམས།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡིས་གཙོ་གཉེར་དང་། ཞིང་ཆེན་ཏང་ཨུ་ཏང་གི་སློབ་གྲྭས་གཉེར་འགན་ཁུར་བའི་མཚོ་སྔོན་ཞིང་ཆེན་གྱི་རྫོང་ཁྲུའུ་རིམ་པའི་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཐེངས15པ་འཚོག་མགོ་ཚུགས་ཤིང་། གྲོང་ཁྱེར་དང་ཁུལ་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་ཁེ་ལས། ལས་དོན་སྡེ་ཁག་གི་རྫོང་ཁྲུའུ་རིམ་པའི་མི་རིགས་ལས་བྱེད་པ33དུས་ཡུན་ཉིན45ཡི་གསོ་སྦྱོང་ནང་ཞུགས། 

ཐེངས་འདིའི་གསོ་སྦྱོང་ལ་ཞིང་ཆེན་ནང་ཁུལ་གྱི་གསོ་སྦྱོང་དང་ཞིང་ཆེན་ཕྱིའི་གསོ་སྦྱོང་ཟུང་འབྲེལ་དང་། གཅིག་བསྡུས་སློབ་སྦྱོང་དང་རང་སྦྱོང་ཟུང་འབྲེལ་བྱས་ཏེ། གྲུབ་ཆ་ཅན་གྱི་བགྲོ་གླེང་དང་གྱོད་དཔེ་ཅན་གྱི་སློབ་ཁྲིད། “མིག་ཤེལ་བཞིའི”ཐབས་ཀྱི་སློབ་ཁྲིད་སོགས་སློབ་ཁྲིད་བྱེད་སྟངས་སྣ་ཚོགས་སྤྱད་ཅིང་། རང་སྦྱོང་དང་ཟུར་ཁྲིད། བགྲོ་གླེང་། བསམ་བློ་བརྗེ་རེས་སོགས་ཀྱི་རྣམ་པས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། ཏང་གཤིས་སློབ་གསོ། འཐབ་ཇུས་གལ་ཆེན་དང་ཐག་གཅོད། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ། ལས་བྱེད་པའི་ནུས་པ་བཅས་དཔེ་དུམ་སློབ་ཚན་ལྔ་དང་སློབ་ཁྲིད་ཀྱི་ནང་དོན་ལ་སློབ་སྦྱོང་བྱས། རྫོང་ཁྲུའུ་རིམ་པའི་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ནི་མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པར་སློབ་གསོ་དང་གསོ་སྦྱོང་བྱེད་པའི་འཛིན་གྲྭ་གཙོ་བོ་ཡིན།  2007ལོ་ནས་བཟུང་བསྟུད་མར་དུས་ཐེངས15གཉེར་བ་དང་། དེའི་དམིགས་ཡུལ་ནི་སློབ་གསོ་ཁྲིད་སྟོན་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་རྫོང་ཁྲུའུ་རིམ་པའི་མི་རིགས་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “ཁ་འབྲལ་ཐབས་མེད་པའི་བསམ་བློ་གསུམ”དང་། “ངོས་འཛིན་གཅིག་མཐུན་བཞི” “སྲུང་སྐྱོང་ལྔ”བཅས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས་རྒྱུན་ཆད་མེད་པར་མི་རིགས་ལས་དོན་ཡག་པོར་སྒྲུབ་པའི་ཆུ་ཚད་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ནུས་ཆེ་རུ་གཏོང་ཆེད་རེད།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།