མཚོ་སྔོན་ཞིང་ཆེན་གྱིས་རོང་འབྲོག་པའི“ཏང་ཡོན་གདོང་ལེན་པའི”དཔྱད་འདེམ་བྱེད་སྒོ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བ་དང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པའི་ཏང་ཡོན་གྱི་གདོང་ལེན་མིག་དཔེ་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། ཉེ་ལམ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པའི་ཏང་ཡོན་ཁྲོད་ཏང་ཡོན་གདོང་ལེན་པ་དཔྱད་འདེམ་བྱེད་པར་བྱེད་སྒོ་སྤེལ་བར་བཀོད་སྒྲིག་བྱས། 

ཤེས་གསལ་ལྟར་ན། ཐེངས་འདིའི་དཔྱད་འདེམ་བྱེད་སྒོའི་དམིགས་ཡུལ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་མཐར་ཕྱིན་བྱེད་པ་དང་། སློབ་གསོ་བརྒྱུད་དེ་རྒྱ་ཆེ་བའི་རོང་འབྲོག་པའི་ཏང་ཡོན་རྣམས་ཀྱི་ཐོབ་ཐང་གསལ་པོར་ངེས་པ་དང་། རང་དཔེ་གཞན་སྟོན་བྱེད་པ། དཔེ་མཚོན་འཛུགས་པ་བཅས་ལ་ཁྲིད་སྟོན་བྱེད་པ། ཁོ་ཚོས་སྔར་ལས་ལྷག་པའི་སྒོ་ནས་ཏང་ཡོན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཏང་ཡོན་ཐོབ་ཐང་ཡིད་ལ་དམ་པོར་འཛིན་པ། ཏང་ཡོན་འོས་འགན་ལེགས་པར་སྒྲུབ་པ་བཅས་ལ་སྐུལ་འདེད་གཏོང་བ། འགུལ་སྐྱོད་དངོས་ལ་བརྟེན་ནས་གདོང་ལེན་མིག་དཔེ་ནུས་པ་ལེགས་པར་འདོན་པ། དཔེ་སྟོན་སྣེ་ཁྲིད་དང་བསྡུར་སློབ་སྙེག་རྒལ་གྱི་སྤྱི་ཚོགས་སྣང་ཚུལ་ལེགས་པོ་ཕན་ནུས་ལྡན་པའི་སྒོ་ནས་འགྲུབ་པར་བྱེད་པ་དང་། དེ་ལྟར་བྱས་ཏེ་རྒྱ་ཆེ་བའི་རོང་འབྲོག་པའི་ཏང་ཡོན་མང་ཚོགས་རྒྱང་སྐྱོད་གསར་པར་ཞུགས་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པར་མུ་མཐུད་དུ་སྐུལ་མ་བཏང་ནས། ངེས་པ་དོན་གྱིས་རོང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་མཐུན་སྒྲིལ་ནུས་པ་འབད་འཐབ་ནུས་པ་བཅས་ཇེ་དྲག་ཏུ་གཏོང་བ་དང་། རོང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཁྱོན་ཡོངས་ནས་མདུན་སྐྱོད་དང་སྲ་བརྟན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།  དཔྱད་འདེམ་བྱེད་སྒོ་ནི་ཀྲི་པུའུ་ཡི་འོས་སྦྱོར་དང་། ཤང་གྲོང་གི་ཞིབ་བཤེར། རྫོང་རིམ་པའི་བསྐྱར་ཞིབ། གཟེངས་རྟགས་གནང་བ་བཅས་གོ་རིམ་པ་བཞིའི་འགྲོ་ལུགས་ལྟར། གཞི་རིམ་ཏང་རྩ་འཛུགས་ཀྱི་དམངས་གཙོ་འོས་སྦྱོར་ལ་བརྩི་བཀུར་བྱས་པར་མ་ཟད། རྫོང་ཤང་རིམ་པ་གཉིས་ཀྱི་ཞིབ་བཤེར་དམ་འཛིན་ཡང་དམིགས་སུ་དོད་ཡོད། དཔྱད་འདེམ་བྱས་པའི“ཏང་ཡོན་གདོང་ལེན་པར”འགུལ་རྣམ་ཅན་གྱི་དོ་དམ་ལག་བསྟར་བྱས་ཏེ། མཐའ་མཇུག་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས“ཏང་ཡོན་གདོང་ལེན་པའི”གཟེངས་རྟགས་བཟོ་བ་དང་། གྲོང་ཁྱེར་དང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཟེངས་རྟགས་ལེན་སྤྲོད་བྱེད་པ། སྡེ་བའི་ཏང་ཀྲི་པུའུ་ཡིས་གཅིག་གྱུར་གྱིས་སྒྲིག་འཇུག་བྱེད་དགོས། 

དཔྱད་འདེམ་བྱེད་སྒོ་ནི་ཟླ5པའི་ཟླ་མགོ་ནས་མགོ་རྩོམ་པ་དང་། ཟླ6པའི་ཟླ་མཇུག་ཏུ་མཇུག་སྒྲིལ་རྒྱུ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།