མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས29དེ2021ལོའི་ཀྲུང་གོའི་ཟོང་རྟགས་ཉིན་མོའི་བྱ་འགུལ་ཁྲོད་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས10ཉིན། 2021ལོའི་ཀྲུང་གོའི་ཟོང་རྟགས་ཉིན་མོའི་བྱ་འགུལ་དེ་ཧྲང་ཧའེ་རུ་སྤེལ་མགོ་ཚུགས་པའི་དུས་མཚུངས་སུ། ཀྲུང་གོའི་རང་བདག་ཟོང་རྟགས་དངོས་མང་བཤམས་སྟོན་ཚོགས་འདུ་དེ་ཧྲང་ཧའེ་འགྲེམ་སྟོན་ལྟེ་གནས་སུ་སྤེལ་ཞིང་། དངོས་མང་བཤམས་སྟོན་ཚོགས་འདུ་ཉིན་གསུམ་ལ་སྤེལ་བ་དང་། རང་རྒྱལ་གྱི་ཟོང་རྟགས་འཕེལ་རྒྱས་གྲུབ་འབྲས་གཅིག་བསྡུས་སྒོས་འགྲེམ་སྟོན་བྱ་རྒྱུ་རེད། རང་ཞིང་གི་བདམས་ཐོན་བྱུང་བའི་ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་། དག་གཙང་ནུས་ཁུངས། རིག་གནས་ཡུལ་སྐོར། ཞིང་ཕྱུགས་ལས་ཀྱི་ཐོན་ལས་ཆེ་གྲས4ཡི་ཁེ་ལས29འགྲེམ་སྟོན་དུ་ཞུགས་ཤིང་། ཁེ་ལས29ཚང་མ་དྲ་ཐོག་ནས་འགྲེམ་སྟོན་བྱས་པ་དང་། དེའི་ཁྲོད་ཁེ་ལས15ཧྲང་ཧའེ་འགྲེམ་སྟོན་ལྟེ་གནས་སུ་ཞུགས།

ཡུལ་དངོས་ཀྱི་འགྲེམ་སྟོན་ཁྲོད་ཞུགས་པའི་ཁེ་ལས15ཡི་ཁྲོད། མཚོ་སྔོན་ཚྭ་མཚོའི་བཟོ་ལས་མ་རྐང་ཚད་ཡོད་ཀུང་སི་སོགས་ཁེ་ལས3“དག་གཙང་རབ་མཛེས་ཀྱི་ཚྭ་མཚོ”འགྲེམ་ཁུལ་དུ་ཡོད་པ་དང་། མཚོ་སྔོན་རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་སི་སོགས་ཁེ་ལས4“དག་གཙང་ནུས་ཁུངས”འགྲེམ་ཁུལ་དུ་ཡོད། མཚོ་སྔོན་ཞིང་ཆེན་མཚོ་སྔོན་པོའི་གནས་སྐོར་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སི་སོགས་ཁེ་ལས3“སྐྱེ་ཁམས་གནས་སྐོར”འགྲེམ་ཁུལ་དུ་ཡོད། མཚོ་སྔོན་གྱི་ལྔ་གསུམ་དྲུག་དགུ་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་ཚད་ཡོད་ཀུང་སི་སོགས་ཁེ་ལས5“བཙོག་མེད་ཞིང་ཕྱུགས་ལས”འགྲེམ་ཁུལ་དུ་ཡོད་ཅིང་། དེས་རང་ཞིང་གི་ཟོང་རྟགས་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་བ་དང་སྣང་བརྙན་གསར་བ་མངོན་པར་མཚོན་དེང་། རང་ཞིང་གི་ཟོང་རྟགས་ཀྱི་སྙན་གྲགས་དང་ཤན་ཤུགས་ཇེ་ཆེ་རུ་བཏང་།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།