“བྱའི་ཁྲོད་ཀྱི་རྒྱལ་ཁབ་གཅེས་ནོར”བཞད་ནག་རྨ་སོག་རྩྭ་ཐང་དུ་འབྱོར།

སྒྲོ་ནག་ལྟོ་དཀར་མཆུ་དང་རྐང་བ་དམར། བཞད་ནག་ཅིག་རྨ་ལྷོ་རྫོང་ཁོངས་ཀྱི་ཀླུ་ཆུའི་ཆུ་མགོ་རྒྱལ་ཁབ་བརླན་སའི་སྤྱི་གླིང་དུ་ཟས་འཚོལ་བཞིན་ཡོད། 

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བླངས་པ་ཚེ་དབང་རྣམ་རྒྱལ་གྱིས་ཁྲུང་ཁྲུང་མཇིང་ནག་ལ་ལྟ་ཞིབ་བྱེད་སྐབས། “བྱའི་ཁྲོད་ཀྱི་རྒྱལ་ཁབ་གཅེས་ནོར”ཞེས་པའི་མཚན་སྙན་ལྡན་པའི་བཞད་ནག་རྨ་ལྷོའི་བོད་རིགས་རང་སྐྱོང་ཁུལ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་ཐོན་ཡོད་པ་མཐོང་། དེ་ནི་ཁོས2012ལོར་བཞད་ནག་གཉིས་མཐོང་པ་ནས་ལོ9རིང་བསྟུད་མར་བཞད་ནག་མཐོང་པ་རེད། ཚེ་དབང་རྣམ་རྒྱལ་གྱིས་བཤད་རྒྱུར་ད་ལོར་རྨ་ལྷོ་རྫོང་ཁོངས་སུ་བཞད་ནག8ཐོན་ཡོད་ཟེར། 

བཞད་ནག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་ཡིན་ཞིང་། 《སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་ཀྱི་རྒྱལ་སྤྱིའི་ཉོ་ཚོང་སྤྱི་ཆིངས》ནང་སྟོངས་ལ་ཉེ་བའི་སྲོག་ཆགས་ཀྱི་གྲས་སུ་བཅུག་ཡོད། རྩ་ཆེན་ཡིན་ལ་དཀོན་པའི་གནས་ཚལ་དོམ་ཁྲ་ལས་མཐོ་བས“བྱའི་ཁྲོད་ཀྱི་རྒྱལ་ཁབ་ཀྱི་གཅེས་ནོར”ཞེས་བརྗོད་ཀྱིན་ཡོད། མིག་སྔར་གྲངས་འབོར་སྔར་བཞིན་མར་ཆག་བཞིན་ཡོད། བཞད་ནག་གི་གཟུགས་གཞི་མཛེས་ཀྱི་སྤུ་མདོག་ཡག་ལ། འགུལ་སྐྱོད་མྱུར་ཞིང་འདྲོག་སླ་བའི་འདབ་ཆགས་ཆེ་གྲས་ཤིག་ཡིན། འཕུར་སྐྱོད་ཀྱི་ནུས་པ་ཆེན་པོ་ལྡན། 

བཞད་ནག་ཡང་དང་བསྐྱར་ཐོན་པའི་ཅི་ཞིག་མཚོན་གྱིན་ཡོད། གསར་འགོད་པས་མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་གི་འདབ་ཆགས་ལ་ལྟ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཝང་ཅན་ཐིང་ལ་ཁ་པར་ལམ་ནས་དྲིས་པར། ཁོང་གིས“བཞད་ནག་གིས་ཟས་འཚོལ་བར་ཆུ་ཁུངས་དང་ཆུའི་ཁོར་ཡུག་གི་བདེ་འཇགས་ལ་རེ་འདུན་ཧ་ཅང་ཆེ། ཆུའི་ནང་གི་ཟས་རིགས་ཕུན་སུམ་ཚོགས་པོ་དགོས་པ་དང་ཆུ་སྤུས་དྭངས་གཙང་ཡིན་ལ། འཚོ་སྡོད་ཁོར་ཡུག་ལ་གདམ་ཀ་བྱེད་ཤུགས་ཆེ། འདྲ་པར་དང་བརྙན་རིས་ལ་དབྱེ་ཞིབ་བྱས་ན། ད་ལོར་ལྟ་ཞིབ་ཐུབ་པའི“བཞད་ནག”ཁྲོད་ད་དུང་ནར་མ་སོན་པའི་བཞས་ནག་འདུག བཞད་ནག་གིས་རྨ་ལྷོ་རྫོང་འཚོ་སྡོད་བྱེད་ནུས་སམ་འཕུར་སྐྱོད་ཁྲོད་ཀྱི་ས་ཚུགས་ཅིག་བྱེད་པ་དང་། གྲངས་འབོར་རིམ་བཞིན་འཕར་བཞིན་པ་ནི་རྨ་ལྷོ་རྫོང་གི་སྐྱེ་ཁམས་བྱེད་ནུས་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བཞིན་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན”ཅེས་བཤད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།