མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཕྱུགས་ལས་ཀྱི་ལག་རྩལ་མཐུན་སྦྱོར་ཁྱབ་གདལ་འཆར་འགོད་ཚོད་ལྟ་བྱེད་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས8ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་ནས་ཤེས་གསལ་བྱུང་བ་ལྟར་ན། ཚན་རྩལ་གཞོགས་འདེགས་ཤུགས་དྲག་ཏུ་བཏང་ནས།བཅུད་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དང་ཞིང་ཕྱུགས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་ནོར་སྲིད་མ་དངུལ་སྒོར་ཁྲི1420དོན་འཁྱོལ་བྱས་ནས། ལོ་ངོ1ཡས་མས་ཀྱི་དུས་ཚོད་བེད་སྤྱད་དེ། ནོར་ནག་དང་བོད་ལུག ནས། གཟན་རྩྭ་དང་། མཐོ་སྒང་གི་སྔོ་ཚལ་སོགས་ཁྱད་ལྡན་ཐོན་ལས5ཡིས། ནང་ཆེན་རྫོང་སོགས་རྫོང་དང(ཆུས)16། དེ་མིན་ཀོས་ནན་རྩྭ་ལས་སོགས་ཁེ་ལས2དང་། ཞིང་ཆེན་ཞིང་ལས་ནགས་ལས་ཚན་རིག་གླིང་སོགས་ཚན་རིག་ཞིབ་འཇུག་ལས་ཁུངས2སུ། ཞིང་ཕྱུགས་ལས་ལག་རྩལ་མཐུན་སྦྱོར་ཁྱབ་གདལ་ཚོད་ལྟ་ལག་བསྟར་བྱ་རྒྱུ་རེད། 

རྒྱུས་ལོན་པ་ལྟར་ན། ཚོད་ལྟའི་ཚན་ཆུང་གིས་ཞིང་ཆེན་རིམ་པའི་ཁྱབ་གདལ་སྡེ་ཁག་དང་ཐོན་ལས་སྟེགས་བུ། གྲོང་ཁྱེར་དང་ཁུལ། ཆུས་དང་རྫོང་། རྣམ་པ་གསར་བའི་ཚོང་གཉེར་རང་བཞིན་གྱི་གཙོ་གཞི་སོགས་རྒྱ་ཆེར་ཞུགས་པའི་ཞབས་ཞུ་ཚོགས་པ5ཚོད་ལྟའི་ངང་རྩ་འཛུགས་བྱས་པ་དང་། ནོར་ནག་གི་ནུས་མཐོའི་གསོ་སྤེལ་ལག་རྩལ་རྣམ་པ་དང་བོད་ལུག་རྒྱུད་སྤེལ་དང་། བཙོག་མེད་སྐྱེ་ཁམས་གསོ་སྤེལ་ལག་རྩལ་གྱི་རྣམ་པ། ནས་ཡི་བཙོག་མེད་ནུས་མཐོའི་འདེབས་འཛུགས་ལག་རྩལ་རྣམ་པ། དེ་མིན་གཟན་རྩྭའི་སྤུས་ལེགས་ནུས་མཐོའི་འདེབས་འཛུགས་ལག་རྩལ། སྔོ་ཚལ་བཙོག་མེད་ནུས་མཐོའི་ཐོན་སྐྱེད་ལག་རྩལ་གཅིག་བསྡུས་དཔེ་སྟོན་རྣམ་པ་སོགས་ལག་རྩལ་སྣ5བདམས་ཏེ། གཙོ་གནད་ལག་རྩལ་ལ་དོ་སྣང་དང་ལག་རྩལ་ཐོན་ཁུངས་ལ་དོ་སྣང་། ཞིང་ལས་ཚན་རིག་སློབ་གསོ་འཚོལ་ཞིབ་དང་། ཐོན་ལས་དང་སློབ་ཁྲིད།ཞིབ་འཇུག་བཅས་ཕྱོགས་མང་པོའི་མཐུན་འགྲིག་སྒྲིག་སྲོལ་གསར་བར་བརྟེན་ནས། གཙོ་གནད་ཀྱི་ཞིང་ཕྱུགས་ལས་སྤུས་ལེགས་བཙོག་མེད་ནུས་མཐོའི་ལག་རྩལ་དང་། “ཞིང་ལས་ཚན་རྩལ་ཞིབ་འཇུག་རྟེན་གཞི་དང་དཔེ་སྟོན་རྟེན་གཞི། གཞི་རིམ་ཁྱབ་གདལ་ས་ཚིགས། རྣམ་པ་གསར་བའི་ཚོང་གཉེར་གཙོ་གཞིའི”མཐུན་འགྲིག་ཁྱབ་གདལ་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས། ཁྱད་ལྡན་ཐོན་ལས་ཤུགས་སྣོན་བྱེད་པར་རོགས་འདེགས་བྱས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།