ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་ལག་བསྟར་དོན་འཁྱོལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་མགོ་ཚུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ5བའི་ཚེས7ཉིན།  མཚོ་སྔོན་ཞིང་ཆེན་གྱིས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ལག་བསྟར་དོན་འཁྱོལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭར་གཉེར་ཞིང་།  བགྲོ་གླེང་འཛིན་གྲྭ་དེ་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་གཉེར་བྱས་པ་དང་།  ཞིང་ཆེན་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་གཉེར་འགན་འཁུར།  ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་ཁག་བགོས་དོ་དམ་གྱི་འགན་འཁུར་བ་དང་།  གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས)སོ་སོའི་ཏང་ཨུ་དང་སྲིད་གཞུང་།  འབྲེལ་ཡོད་སྡེ་ཁག་གི་བློ་མཐུན་འགན་འཁུར་བ40བགྲོ་གླེང་འཛིན་གྲྭར་ཞུགས། 

ཐེངས་འདིའི་ཞིབ་བསྡུར་འཛིན་གྲྭ་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་འགན་ལེན་བྱེད་པའི་ལས་དོན་ཡག་པོ་སྤེལ་བ་དང་།  གོམ་སྟབས་ཡག་པོ་སྤོ་དགོས་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་ལ།  འཆར་འགོད་ལག་བསྟར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་ནས།  མིག་སྔའི་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་འཕེལ་རྒྱས་ཆ་ཚང་མིན་པ་དང་དོ་སྙོམས་མིན་པའི་དངོས་ཡོད་ཀྱི་དགོས་མཁོ་ཞིག་ཀྱང་ཡིན། 

ཞིབ་བསྡུར་འཛིན་གྲྭས“ཏང་གི་རིགས་པའི་གཞུང་ལུགས་དང་འཐབ་ཇུས་གལ་ཆེན”།  “ཏང་གི་ལོ་རྒྱུས་དང་ཏང་གཤིས་སྐོར་གྱི་སློབ་གསོ།”  “ལས་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བ”བཅས་དཔེ་དབྱིབས་ཆེན་པོ་གསུམ་ལ་དམིགས་ནས་སློབ་ཁྲིད་བྱས།  ཟུར་ཁྲིད་སློབ་ཁྲིད་དང་གྱོད་དཔེའི་དབྱེ་ཞིབ།  ཕན་ཚུན་མཉམ་མྱོང་བརྗེ་རེས།  ཡུལ་དངོས་སློབ་ཁྲིད་སོགས་ཀྱི་བྱེད་ཐབས་སྤྱད་ནས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་ལ་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྲེལ་བ་གལ་ཆེན་དང་།  བརྗོད་བྱ་གཙོ་བོ།  འཐབ་ཇུས་གཙོ་བོ།  ལས་འགན་གལ་ཆེན་སོགས་ལ་ཁྱོན་ཡོངས་ནས་རྒྱུད་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་གཏིང་ཟབ་བྱས།   རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་ཀྱི་རྗེས་སུ་དམ་པོར་བསྙེགས་ཏེ་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་དང་བསྟུན་ནས།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་བྱ་གཙོ་བོ་མངོན་གསལ་དོད་པོ་ཡོང་བ་བྱེད་པའི་དམིགས་ཡུལ་ནི་སློབ་མའི་བྱ་བའི་ཚན་རིག་རང་བཞིན་དང་།  བརྒྱུད་རིམ་རང་བཞིན།   གནད་སྨིན་རང་བཞིན།  ཕན་འབྲས་རང་བཞིན་བཅས་སྔར་ལས་ཆེ་རུ་བཏང་སྟེ། སློབ་མས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལན་དང་ཇུས་གཞི།  དཀའ་གནད་བཅས་རྙེད་པར་བློ་སྒོ་འབྱེད་པ་རེད།  ། 

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།