མཚོ་ལྷོ་ཁུལ་སྤྱི་བདེ་ཅུས་ཡིས“སྣ་གསུམ”བྱ་བས་སློབ་གསོའི་དག་ཐེར་ལེགས་བཅོས་ཀྱི་གོ་རིམ་ཚད་ལྡན་ངང་སྐུལ་འདེད་གཏོང་བར་ཁག་ཐེག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུས་ཀྱིས་ཏན་ཏིག་གིས་ཞིང་ཆེན་དང་ཁུལ་སྲིད་ཁྲིམས་དཔུང་ཁག་སློབ་གསོའི་དག་ཐེར་མགོ་ཁྲིད་ཚན་ཆུང་གིས་ལེགས་བཅོས་བྱ་བའི་ཐབས་ཇུས་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ལག་ལེན་དོན་འཁྱོལ་དང་། སློབ་སྦྱོང་སློབ་གསོའི་དམིགས་འབེན་ལས་འགན་སོ་སོ་ལེགས་འགྲུབ་བྱས་པའི་རྨང་གཞི་སྟེང་། ལངས་ཕྱོགས་མཐོན་པོས་འཆར་འགོད་དང་ཚད་གཞི་མཐོ་བའི་སྐུལ་འདེད་བཏང་ནས། “ཚོགས་འདུ་གསུམ”ལེགས་པོར་འཚོགས་པ་དང་། “དོན་དག་གསུམ”དམ་འཛིན། “ཟུང་འབྲེལ་གསུམ”ལེགས་པོར་སྒྲུབ་ནས། ཁྱོན་ཡོངས་ནས་ཁུལ་ཡོངས་ཀྱི་སྤྱི་བདེ་དཔུང་ཁག་གི་སློབ་གསོའི་དག་ཐེར་ལེགས་བཅོས་ཀྱི་བསམ་བློའི་སྐུལ་སློང་བྱ་བ་ལེགས་པོར་སྒྲུབ་པ་དང་། གོང་འོག་སྦྲེལ་ཞིང་མཐུན་སྦྱོར་ཡོང་བ། ཕྱོགས་གཅིག་ཏུ་ཤུགས་འདོན་པའི་རྣམ་པ་ལེགས་པོ་མངོན་ཡོད། 

བྱ་བའི་ཁྲོད། མཚོ་ལྷོ་ཁུལ་སྤྱི་བདེ་ཅུས་ཀྱིས་སྔོན་ལ་འཆར་འགོད་དང་མགོ་ལེགས་པོར་བརྩམས་ནས“ཚོགས་འདུ་གསུམ”ལེགས་པོར་འཚོགས་པར་དོ་སྣང་བྱས། དཔུང་ཁག་སློབ་གསོའི་དག་ཐེར་ལེགས་བཅོས་ཀྱི་བསམ་བློའི་སྐུལ་སློང་ཚོགས་འདུ་བསྡུས་པ་བརྒྱུད། སློབ་སྦྱོང་སློབ་གསོའི་གོ་རིམ་གྱི་བྱ་བ་ལེགས་འགྲུབ་བྱས་པའི་གནས་ཚུལ་ལ་ལེགས་སྒྲིག་དང་མི་འདང་སར་དབྱེ་ཞིབ་ཏན་ཏིག་བྱས་ལ། ལེགས་བཅོས་ཀྱི་བྱ་བ་སོ་སོར་བཀོད་སྒྲིག་ནན་མོ་བྱས། སློབ་གསོའི་དག་ཐེར་གྱི“རང་བཤེར་གུ་ཡངས་དང་། གཞན་རྟོགས་ནན་གཅུན”གྱི་སྲིད་ཇུས་ཀློག་འགྲེལ་ཚོགས་ཆེན་བསྡུས་པ་བརྒྱུད། མི་དམངས་ཉེན་རྟོག་པས་གནད་དོན་རྩད་ཞིབ་ལེགས་བཅོས་བྱ་བ་ཏན་ཏིག་གིས་སྤེལ་བར་སྣེ་ཁྲིད་བྱས་ནས། ཏང་ཀྲི་པུའུ་སོ་སོས་དུས་ཚོད་དང་པོའི་ནང་རྩ་འཛུགས་འཚོ་བའི་ཚོགས་འདུ་བསྡུས་པ་དང་ཏང་ཡོན་སོ་སོས་སློབ་གསོའི་དག་ཐེར་ལེགས་བཅོས་སྐབས་ཀྱི་རང་སྟེང་དུ་གནས་པའི་གནད་དོན་ལ་དབྱེ་ཞིབ་ཟབ་མོ་བྱས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།