“ལྔ་གཅིག”ངལ་གསོའི་རིང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་གནས་བབ་ཡག་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས6ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ནས་ཤེས་རྟོགས་བྱུང་བར། “ལྔ་གཅིག”ངལ་གསོའི་རིང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་དང་སྤྱི་ཚོགས་བདེ་འཇགས་གནས་ཚུལ་བཟང་ཞིང་། སྤྱི་ཚོགས་བརྟན་བརླིང་ལ་ཤུགས་རྐྱེན་བཟོ་བའི་གྱོད་གཞི་དང་བདེ་འཇགས་ལས་འཛོལ་ཚབས་ཆེན་ཅི་ཡང་བྱུང་མེད།  ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་གི་སྒྲིག་ལམ་གོ་རིམ་ལྡན་པ་དང་། མྱུར་བགྲོད་གཞུང་ལམ་དང་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་དུ་བདེ་འཇགས་ངང་ཤར་གཏོང་ཐུབ་པ་བྱུང་ཡོད།

དུས་ཆེན་རིང་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། སྤྱི་བདེ་པུའུ་བཅས་ཀྱི་དུས་ཆེན་སྐབས་ཀྱི་བདེ་སྲུང་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་རེ་བ་ལྟར། རྩ་འཛུགས་ཀྱི་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཀོད་སྒྲིག་ཞིབ་ཚགས་བྱེད་པ། ཉེན་བརྡ་དང་སྔོན་འགོག་འབུར་ཐོན་དུ་གཏོང་བ། ཉེན་ཁའི་མངོན་མེད་རྐྱེན་ངན་འགོག་པ། སྤྱི་ཚོགས་ངོས་ཀྱི་སྔོན་འགོག་ཚོད་འཛིན་གྱི་རིམ་པ་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་དྲག་ཆས་ཉེན་རྟོག་མཉམ་འབྲེལ་སྒོས་དྲག་ཆས་སྐོར་ཞིབ་བྱེད་པའི་བྱ་བ་སྤེལ་མགོ་རྩོམ་པ། གཙོ་གནད་ས་ཁོངས་དང་དམིགས་འབེན་གལ་ཆེན་སྐོར་ཞིབ་སྔོན་འགོག་ཚོད་འཛིན་དང་འཕྲལ་བསྟུན་ཐག་གཅོད་ཀྱི་གྲ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ངོས་ཀྱི་སྐོར་ཞིབ་སྔོན་འགོག་ཚོད་འཛིན་གཟབ་ནན་དང“135”མགྱོགས་མྱུར་ཐག་གཅོད་བྱེད་པའི་ལམ་སྲོལ་དོན་འཁྱོལ་ནན་མོ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཉིན་རེར་ཉེན་རྟོག་སྟོབས་ཤུགས་མི་ཐེངས4600ལྷག་ཞུགས་པ་དང་། རླངས་འཁོར་ཐེངས700ལྷག་ཙམ་བཏང་ནས་མཉམ་འབྲེལ་སྐོར་ཞིབ་ཚོ་ཆུང50ལ་བགོས་ནས་གཙོ་གནད་ས་ཁོངས་དང་གཙོ་གནད་ཡུལ་སྐོར་ཞབས་ཞུ་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲོམ་གཞུང་གི་ཉེན་ཟོན་ཉེན་བརྡ་གཏོང་ཚད་དང་། འདྲི་ཞིབ་བྱེད་ཚད། དོ་དམ་ཚོད་འཛིན་བྱེད་ཚད་བཅས་མཐོ་རུ་བཏང་། སྤྱི་བདེ་ཞིབ་བཤེར་ས་ཚིགས་དང་བདེ་སྲུང་ས་ཚིགས21གིས་རིམ་པ་དང་པོའི་ཞིབ་བཤེར་ཚོད་འཛིན་བྱ་བ་བསྒྲུབས་ནས་རླངས་འཁོར་ཐེངས་ཁྲི5.6ལྷག་དང་མི་ཐེངས་ཁྲི10ལྷག་ལ་ཞིབ་བཤེར་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།