ཞིན་ཁྲང་ཞིང་གིས་ཧོང་ཡོན་རྫོང་དུ་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཟི་ལིང་གྲོང་ཁྱེར་ཧོང་ཡོན་རྫོང་དུ་རྟོག་ཞིབ་གནང་སྐབས་ནན་གྱིས་གསུང་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བའི་དགོངས་དོན་མུ་མཐུད་དུ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ས་ཁོངས་དང་རིག་གནས། སྐྱེ་ཁམས་སོགས་ཀྱི་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་ཕུན་སུམ་ཚོགས་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་གསོ་སྐྱོང་བྱེད་པར་དམིགས་ནས་འཕེལ་རྒྱས་ཁྲོད་མུ་མཐུད་དུ་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱེད་དགོས་ཞེས་གསུངས། 

ཧོང་ཡོན་རྫོང་སྟོང་སྐོར་གནའ་མཁར་དང་ཉི་ཟླ་ཤང་ཏཱ་ཧྲི་ཐུག་སྡེ་བ་ནས་ཞིང་ཁྲང་ཞིང་གིས་གནའ་མཁར་གྱི་སྲུང་སྐྱོབ་གསར་སྤེལ་འཆར་འགོད་འཛུགས་སྐྲུན་སྐོར་གཉིས་པ་དང་། ལྔ་གཅིག་གུང་གསེང་སྐབས་ཀྱི་ཡུལ་སྐོར་འཛད་སྤྱོད་ཚོང་ར། ཙོང་ཅཱ་ལུང་པའི་ཡུལ་སྐོར་མཛེས་ལྗོངས་ཀྱིས་ཉེ་འགྲམ་མང་ཚོགས་ལས་ཞུགས་ལས་སྒྲུབ་དང་། དབུལ་ཐར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ་བསྟན་དོན། ཧོང་ཡོན་ནི་ཤར་རྒྱུད་ཞིང་ལས་ས་ཁུལ་དང་ནུབ་རྒྱུད་ཕྱུགས་ལས་ས་ཁུལ་གཉིས་དང་། བོད་ཀྱི་རིག་གནས་དང་རྒྱའི་རིག་གནས་ཀྱི་འདྲེས་མཚམས་ཡིན་པར་བརྟེན། ཐོན་ཁུངས་འདི་སྔོག་འདོན་བེད་སྤྱོད་ཕུན་སུམ་ཚོགས་པ་བྱས་ནས། ལོ་རྒྱུས་རིག་གནས་གནའ་མཁར་གྲགས་ཅན་སྐྲུན་པའི་གོ་རིམ་ཁྲོད། གནའ་མཁར་གྱི་སྔར་ཡོད་ལོ་རྒྱུས་ཤུལ་བཞག་སྲུང་སྐྱོབ་ལ་ལེགས་པོར་དམིགས་པ་དང་། སྒྲིག་ཆས་ཀྱི་ལྷུ་ལག་ཆ་ཚང་ལེགས་པོར་བསྒྲིགས་ཏེ། གནའ་མཁར་ནས་ལྗང་མདོག་གི་རི་བོ་དང་དྭངས་གཙང་གི་ཆུ་མོ་མཐོང་ཐུབ་པར་བྱེད་དགོས་ལ། ཤང་སྡེ་ནས་ཕ་ཡུལ་གྱི་དྲན་པ་འཛིན་ཐུབ་པར་བྱེད་དགོས། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་དང་། ཤང་སྡེ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་གོ་རིམ་ཁྲོད། མུ་མཐུད་དུ་ཁ་ལས་རྒྱས་པར་བྱེད་པ་དང་། ལས་ཞུགས་རྣམ་པ་ཕུན་སུམ་ཚོགས་པར་གཏོང་བ། ཚོང་རྟགས་གྲགས་ཅན་སྐྲུན་པ། སྲོལ་རྒྱུན་རིག་གནས་སྒྱུ་རྩལ་དར་སྤེལ་གཏོང་བ་བཅས་བྱས་ཏེ། ཉེ་འགྲམ་གྱི་མང་ཚོགས་ཉེ་ས་ནས་བརྟན་ཅིང་འཇགས་ལ་སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་བྱེད་དུ་འཇུག་དགོས་ཞེས་བསྟན། 

ཞིན་ཁྲང་ཞིང་གིས་མཚོ་སྔོན་གཙང་གསུམ་ཡུས་ལི་ཞིང་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི་དང་། མཚོ་སྔོན་ཁའེ་ཅིན་ནུས་ཁུངས་གསར་པའི་རྒྱུ་ཆ་ཚད་ཡོད་ཀུང་ཟི་གཉིས་སུ་རྟོག་ཞིབ་གནང་སྐབས་བསྟན་དོན། ཧོང་ཡོན་ནི་ཕྱུགས་ར་ཆེན་མོར་རྒྱབ་གཏད་ཅིང་། ཚོང་ར་ཆེན་མོར་ཁ་ཕྱོགས་ཡོད་པར་བརྟེན། “ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས”སྐྲུན་པར་དམིགས་ཏེ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གྱི་གཙོ་སྐུད་འདི་དམ་པོར་བཟུང་བ་དང་། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། ཕྱུགས་ལས་ཐོན་ལས་ཅན་གྱི་མཉམ་འབྲེལ་ཕུང་པོ་སྟོབས་ལྡན་དུ་སྐྲུན་པ། ཁེ་ལས་དང་ཞིང་དུད་གྱི་ཁེ་ཕན་སྦྲེལ་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ། གཞི་རྒྱ་ཆེར་བསྐྱེད་པ་དང་། ཚོང་ལམ་རྒྱ་སྐྱེད་པ། རོང་འབྲོག་པར་འབབ་འཕར་ཡོང་བ། ཚོང་རྟགས་མཐོར་འདེགས་བཅས་མངོན་འགྱུར་བྱས་ནས། མུ་མཐུད་དུ་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ལས་སྣོན་ཞིབ་ཅིང་ཟབ་པའི་ཆུ་ཚད་མཐོ་རུ་འདེགས་དགོས། ལི་གློག་ཐོན་ལས་སྦྲེལ་ཐག་ལ་རྒྱབ་སྐྱོར་དང་ཁ་གསབ་འཐུས་ཚང་དུ་བཏང་ནས། འཕེལ་རྒྱས་ཁྲོད་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་དཔལ་འབྱོར་མ་ལག་མགྱོགས་མྱུར་གྱིས་བསྐྲུན་ཏེ། དམངས་འཚོ་དང་འཕེལ་རྒྱས་ཕན་ཚུན་གཞོགས་འདེགས་དང་སྐུལ་འདེད་མངོན་འགྱུར་བྱེད་དགོས་ཞེས་བསྟན། 

ཧོང་ཡོན་རྫོང་ཧོ་ཕིང་ཤང་ཞའོ་ཀའོ་ལིན་སྡེ་བའི་ཞའོ་ཀའོ་ལིན་གྱི་ཏང་གཤིས་སློབ་གསོ་རྟེན་གཞི་འཛུགས་སྐྲུན་དང་གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་གནང་སྐབས། ཞིན་ཁྲང་ཞིང་གིས་ངོ་སྤྲོད་ལ་ཞིབ་མོར་གསན་པ་དང་། བཤམས་སྟོན་ལ་ཞིབ་ཏུ་གཟིགས་ཏེ་གསུང་དོན། ཞའོ་ཀའོ་ལིན་ལ་མཚར་སྡུག་འོད་སྟོང་འབར་བའི་ཁ་སང་ཡོད་ཅིང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སྐྱོད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་འཛུགས་པ། དྲང་བདེན་སྲུང་ནས་གོ་སྐབས་ལེགས་པར་འཛིན་པ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ཏེ་སྒོ་གླེགས་གསར་པ་འབྱེད་པ། དུས་དང་རྣམ་པ་ཀུན་ཏུ་གཟི་བརྗིད་ཀྱི་བསམ་པ་རྒྱུན་སྲུང་བྱས་ཏེ། ཞའོ་ཀའོ་ལིན་ཏེ་རང་ཞིང་གི“སྔོན་ཐོན་རྒན་པ”འདི་མུ་མཐུད་དུ་བཅོས་སྒྱུར་འཕེལ་རྒྱས་ཀྱི་མདུན་གྲལ་དུ་སྐྱོད་པར་བྱེད་དགོས་ཞེས་གསུངས། 

ཁྲིན་རུའེ་ཧྥིན་དང་ཚེ་རིང་ཐར་གཉིས་ཀྱང་མཉམ་དུ་རྟོག་ཞིབ་ཏུ་ཕེབས། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།